ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་པུའུ་ཀྲང་ཉི་ཤུའི་ལས་འགན་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་པཱ་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་ཚེས་ཉེར་གཉིས་ཉིན་གནས་སྐབས་བཀའ་རྒྱ་སྤེལ་ཏེ། ཐེངས་གཉིས་ཀྱི་ནེ་ཀིའི་རྒྱ་བསྐྱེད་ཁྲོད་ཞུགས་པའི་པུའུ་ཀྲང་ཉི་ཤུའི་ལས་འགན་ལེན་རྒྱུ་ཡིན་པ་དང་། དེའི་ནང་པུའུ་ཀྲང་གི་ལས་འགན་ཞོར་དུ་ཁུར་བའི་ཙུང་ལི་གཞོན་པ་གཉིས་འདུས་ཡོད། 

ནེ་པཱ་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་བཤད་རྒྱུར། ཙུང་ལི་ཨོ་ལེ་ཡིས་མགོ་ཁྲིད་པའི་སྲིད་གཞུང་ནི་ལྟ་སྐྱོང་སྲིད་གཞུང་ཡིན་པ་དང་། ནེ་པཱ་ལཱའི་ཁྲིམས་ཁང་གིས་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིས་ནེ་ཀི་རྒྱ་བསྐྱེད་པར་ཆོག་མཆན་འགོད་མི་སྲིད་པས། གོང་གི་པུའུ་ཀྲང་ཉི་ཤུའི་ལས་འགན་བླངས་པ་ཡིན་ལ། ཆེས་མཐོའི་ཁྲིམས་ཁང་གིས་ད་རུང་དོན་དེའི་ཐད་ནས་མཇུག་མཐའི་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ནེ་པཱ་ལཱའི་ཆེས་མཐོའི་ཁྲིམས་ཁང་གི་འཕྲིན་གཏོང་ཆེད་མཁས་པ་པའོ་ཏི་ཨར་གྱིས་གསར་འགོད་པར་བཤད་རྒྱུར། ཆེས་མཐོའི་ཁྲིམས་ཁང་གིས་ཆེས་མཇུག་མཐའི་ཉན་ཞིབ་ཚོགས་འདུ་བསྡུས་རྗེས་ནེ་ཀི་རྒྱ་བསྐྱེད་པའི་དོན་ལ་མཇུག་མཐའི་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། མིག་སྔར་ད་རུང་ཆེས་མཇུག་མཐའི་ཉན་ཞིབ་ཚོགས་འདུ་བསྡུ་བའི་དུས་ཚོད་གཏན་འཁེལ་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།