ཝུ་ཀན་ཏཱའི་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུ་ཀན་ཏཱའི་སྐབས་གསར་བའི་ནེ་ཀི་ཡིས་ཚེས་ཉེར་གཅིག་ཉིན་ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ་ཡི་མགོ་འཛིན་འོག་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཝུ་ཀན་ཏཱའི་རྒྱལ་ས་ཁན་ཕཱ་ལཱའི་ཁི་ལོ་ལོ་རང་བཙན་ཐང་ཆེན་ནས་སྤེལ་བའི་མཛད་སྒོའི་སྟེང་། ཝུ་ཀན་ཏཱའི་གསར་དུ་འགན་ཁུར་བའི་ཙུང་ཐུང་གཞོན་པ་དང་། ཙུང་ལི། ནེ་ཀིའི་པུའུ་ཀྲང་དང་རྒྱལ་སྲིད་པུའུ་ཀྲང་བཅུ་ཕྲག་འགའ་ཡིས་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

སྐབས་གསར་བའི་ནེ་ཀིའི་ནང་སྔོན་ཆད་ཀྱི་སློབ་གསོའི་པུའུ་ཀྲང་ཅེ་ཞི་ཁཱ་ཨ་ལུའུ་པའོ་ཡིས་ཙུང་ཐུང་གཞོན་པའི་འགན་ཁུར་ཡོད་པ་དང་། སྔོན་ཆད་ཀྱི་འཕྲོད་བསྟེན་རྒྱལ་སྲིད་པུའུ་ཀྲང་ལོ་པུས་ནཱ་ནཱ་པན་ཅཱ་ཡིས་ཙུང་ལི་དང་གྲོས་ཁང་གི་སྲིད་གཞུང་ལས་དོན་གྱི་འགན་ཁུར་བའི་ལས་འགན་གཅིག་ལྕོགས་སུ་ཁུར་ཡོད། དེ་གཉིས་ཀ་བུད་མེད་ཡིན་པ་དང་། དེ་ནི་ཝུ་ཀན་ཏཱའི་ལོ་རྒྱུས་སྟེང་ཐོག་དང་པོར་བུད་མེད་ཀྱིས་ཙུང་ཐུང་གཞོན་པ་དང་ཙུང་ལིའི་ལས་འགན་ཁུར་བ་རེད། 

ཟླ་དང་པོའི་ཚེས་བཅུ་བཞི་ཉིན། ཝུ་ཀན་ཏཱ་ཡིས་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། སྐབས་དེའི་ཙུང་ཐུང་མུའུ་སེ་ཝེ་ནེ་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། མུའུ་སེ་ཝེ་ནེ་ཡིས་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་ནས། ཁོའི་ཙུང་ཐུང་གི་འགན་ཡུན་ཐེངས་དྲུག་པ་དངོས་སུ་མགོ་བརྩམས། ཟླ་དྲུག་པའི་ཚེས་བརྒྱད་ཉིན་གྲོས་ཁང་ལ་ནེ་ཀི་གསར་བའི་ཁོངས་མིའི་མིང་ཐོ་སྤྲད་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།