ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་ཁེ་རོ་རུ་མེ་འཁོར་ཞིག་འགྲུལ་འཁོར་དང་རྡུང་གཏུག་བརྒྱབ་ནས་མི2ཚེ་ལས་འདས་ཤིང་མི6ལ་རྨས་སྐྱོན་ཕོག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་རྒྱལ་ཁབ་ཀྱི་རྒྱལ་ས་ཁེ་རོ་ནུབ་རྒྱུད་དུ་ཚེས21ཉིན་གྱི་དགོང་མོར་མེ་འཁོར་ཞིག་འགྲུལ་འཁོར་དང་རྡུང་གཏུག་བརྒྱབ་ནས་མི2ཚེ་ལས་འདས་ཤིང་མི6ལ་རྨས་སྐྱོན་བཟོས།

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས21ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་པའི་ནང་བཤད་རྒྱུར། དོན་རྐྱེན་དེ་ནི་ཁེ་རོ་ནུབ་རྒྱུད་ཀྱི་ཧི་ལི་ཝན་ས་ཁུལ་དུ་མེ་འཁོར་ཞིག་འགྲུལ་འཁོར་དང་རྡུང་གཏུག་བརྒྱབ་པ་ལས་བྱུང་ཞིང་། མི2ཚེ་ལས་འདས་ཤིང་མི6ལ་རྨས་སྐྱོན་ཕོག འཕྲོད་བསྟེན་པུའུ་ཡིས་མྱུར་སྐྱོབ་རླངས་འཁོར16མངགས་ནས་ཡུལ་དངོས་སུ་མྱུར་སྐྱོབ་བྱས་ཤིང་། མིག་སྔར་རྨས་མ་རྣམས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྒང་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་ས་ནི་སྡོད་དམངས་ཁུལ་ཞིག་ཡིན་ལ། འགྲུལ་འཁོར་དེ་ལྕགས་ལམ་གྱི་ཉེ་སར་བཞག་ཡོད་སྟབས་མེ་འཁོར་འགྲོ་སྐྱོད་བྱེད་སྐབས་རྡུང་གཏུག་བྱུང་། ཨེ་ཅིབ་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེ་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད།

ལྕགས་ལམ་ཀྱི་རྨང་གཞི་སྒྲིག་ཆས་རྙིང་ཧྲིལ་དུ་གྱུར་བ་དང་དོ་དམ་ལམ་ལུགས་འཐུས་ཚང་མིན་པ་བཅས་ཀྱིས་ཨེ་རི་རུ་བསྟུད་མར་ལྕགས་ལམ་དང་འབྲེལ་བའི་དོན་རྐྱེན་བྱུང་དང་འབྱུང་བཞིན་ཡོད་པ་རེད། ད་ལོའི་ཟླ3པའི་ཚེས26ཉིན་ཨེ་ཅིབ་ནུབ་རྒྱུད་ཀྱི་སའོ་ཧྭ་ཅེ་མངའ་སྡེ་རུ་མེ་འཁོར་གཉིས་རྡུང་གཏུག་བརྒྱབ་པའི་དོན་རྐྱེན་ལས་ཉུང་མཐར་ཡང་མི19ཚེ་ལས་འདས་ཤིང་མི200ལྷག་ལ་རྨས་སྐྱོན་ཕོག ཟླ4པའི་ཚེས18ཉིན་ཁེ་རོ་ནས་ཨེ་ཅིབ་བྱང་ཕྱོགས་གྲོང་ཁྱེར་མན་སུའུ་ལཱ་རུ་སྐྱོད་པའི་མེ་འཁོར་ཞིག་ལྕགས་ལམ་དང་བྲལ་བའི་དོན་རྐྱེན་བྱུང་ཞིང་། ཉུང་མཐར་ཡང་མི23ཚེ་ལས་འདས་ཤིང་མི98ལྷག་ལ་རྨས་སྐྱོན་ཕོག་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།