ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ཙི་ལན་ཤར་བྱང་ཁུལ་གྱི་མཚོ་ཁོངས་སུ་ཚད་རིམ6.3ཅན་གྱི་ས་འགུལ་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ས་གཤིས་བརྟག་བཤེར་ཅུའུ་ཡི་ཆ་འཕྲིན་དྲ་བའི་གནས་ཚུལ་ལྟར་ན། ནེའུ་ཙི་ལན་གྱི་ཤར་བྱང་ཁུལ་གྱི་ཁུ་མ་ཏི་ཁི་གླིང་ཚོམ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཚེས21ཉིན་ཚད་རིམ6.3ཅན་གྱི་ས་འགུལ་བྱུང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་ཅི་ཡང་འབྱོར་མེད།

ཐེངས་འདིའི་ས་འགུལ་ནེའུ་ཙི་ལན་གྱི་དུས་ཚོད་ཚེས21ཉིན་གྱི་ཆུ་ཚོད5དང་སྐར་མ05པེ་ཅིང་གི་ཆུ་ཚོད1དང་སྐར་མ05ལ་བྱུང་བ་དང་། འགུལ་ལྟེ་ནི་ལྷོ་འཕྲེད་ཏུའུ30.214དང་ནུབ་གཞུང་ཏུའུ177.773ཡིན་པ་དང་། འགུལ་འབྱུང་གི་གཏིང་ཟབ་ལ་སྤྱི་ལེ10ཡོད་ལ་ཚད་རིམ6.3ཡིན་ལ། སྐར་མ19རྗེས་སུ་ས་ཁུལ་དེར་ཡང་བསྐྱར་ཚད་རིམ5.5ཡི་ས་འགུལ་བྱུང་བ་རེད།

ཁུ་མ་ཏི་ཁི་གླིང་ཚོམས་ནི་ནེའུ་ཙི་ལན་གྱི་ཁོངས་སུ་གཏོགས་ལ། གླིང་ཚོམ་སྟེང་མི་འཚོ་སྡོད་བྱས་མེད། ཁུ་མ་ཏི་ཁི་གླིང་ཚོམ་ནི་མེ་རིའི་གླིང་ཕྲན་བཅུ་ལྷག་གིས་གྲུབ་པ་དང། ནེའུ་ཙི་ལན་དང་ཐང་ཅ་བར་གྱི་མཚོ་ཁོངས་སུ་ཁྱབ་ཡོད། ས་འདིར་ས་འགུལ་དང་མེ་རིའི་འགུལ་སྐྱོད་བསྟུད་མར་བྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།