ཀྲུང་གོ་དང་ཡོ་རོབ་མེ་འཁོར་གཏོང་ཐེངས་ཁྲི4ལས་བརྒལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཚེས20ཉིན་ཀྲུང་གོ་ཡོ་རོབ་མེ་འཁོར་གཅིག་གྱུར་ཟོང་རྟགས་གྱི་ལོ་འཁོར་ལྔ་འཁོར་བའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ད་ལྟའི་བར་དུ། ཀྲུང་གོ་དང་ཡོ་རོབ་མེ་འཁོར་གཏོང་ཐེངས་ཁྲི4ལས་བརྒལ་བ་དང་། དངོས་ཟོང་རིན་ཐང་ཨ་སྒོར་དུང་ཕྱུར2000ལས་བརྒལ་ཞིང་། འཁོར་རྒྱུགས་ལམ་ཐིག73ཤར་གཏོང་བྱས་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ22ཡི་གྲོང་ཁྱེར160ལ་སྦྲེལ་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རིང་ལ། ཀྲུང་གོ་དང་ཡོ་རོབ་མེ་འཁོར་གྱིས་ཁྱོན་བསྡོམས་ཡོ་རོབ་གླིང་དུ་རིམས་འགོག་དངོས་རྫས་ཁྲི1199སྐྱེལ། 2011ལོའི་ཟླ3པར། ཀྲུང་གོ་དང་ཡོ་རོབ་མེ་འཁོར་ཐོག་མ་དེ་ཁྲུང་ཆིན་ནས་འཇར་མན་རྒྱལ་ཁབ་ཀྱི་ཏུའུ་དབྱི་སི་པའོ་རུ་བཏང་བ་དང་། དེ་ནས་བཟུང་ཀྲུང་གོ་དང་ཡོ་རོབ་མེ་འཁོར་འཕེལ་རྒྱས་ཀྱི་མགོ་ཡག་པོ་བརྩམས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།