ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཞི་ལན་རྒྱལ་ཁབ་ཀྱི་བྱང་ཤར་ས་ཁུལ་གྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ6.3ཅན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཟླ6པའི་ཚེས21ཉིན་ཞིན་ཞི་ལན་རྒྱལ་ཁབ་ཀྱི་བྱང་ཤར་ས་ཁུལ་གྱི་ཁི་མ་ཏི་ཁི་གླིང་ཕྲན་ཉེ་སའི་མཚོ་ཁོངས་སུ་ས་ཡོམ་རིམ་པ6.3ཅན་བྱུང་ཞིང་། མིག་སྔར་མི་སེར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་གནས་ཚུལ་སྙན་ཞུ་ཅི་ཡང་འབྱོར་མེད།

ཐེངས་འདིའི་ས་ཡོམ་ནི་ཞིན་ཞི་ལན་གྱི་དུས་ཚོད་ཚེས21ཉིན་གྱི་ཆུ་ཚོད5དང་སྐར05(པེེ་ཅིང་གི་དུས་ཚོད1དང་སྐར་མ05)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་ནུབ་ཀྱི་འཕྲེད་ཐིག་ཏུའུ30.214དང་བྱང་གི་གཞུང་ཐིག་ཏུའུ177.773དུ་བྱུང་ལ། ཡོམ་ཁུངས་ཀྱི་གཏིང་ཚད་ནི་སྤྱི་ལེ10དང་ས་ཡོམ་གྱི་ཚད་ནི་རིམ་པ6.3རེད། དུས་ཚོད་སྐར་མ19ཡི་རྗེས་སུ་ཡང་བསྐྱར་ས་གནས་དེ་རུ་ས་ཡོམ་རིམ་པ5.5ཅན་ཐེངས་གཅིག་བྱུང་།

ཁི་མ་ཏི་ཁི་གླིང་ཕྲན་ནི་ཞིན་ཞི་ལན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཤིང་གླིང་ཕྲན་དུ་རྒྱུན་སྡོད་ཀྱི་སྤྱི་དམངས་མེད་པ་རེད། ཁི་མ་ཏི་ཁི་གླིང་ཕྲན་ནི་མེ་རི་བཅུ་ཕྲག་འགའ་ཡིས་གྲུབ་ལ། ཞིན་ཞི་ལན་དང་ཐང་ཅཱ་གཉིས་ཀྱི་མཚོ་ཁོངས་སུ་གནས་སྟབས་ས་ཡོམ་དང་མེ་རི་ཡི་འགུལ་སྐྱོད་ཅུང་མང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།