ཕྱི་འབྲེལ་པུའུ་ཡིས་ཨ་ཧྥུ་ཧན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་སྤྱི་དམངས་རྣམས་མྱུར་དུ་ཨ་ཧྥུ་ཀ་ནི་སི་ཐན་ནས་ཁ་བྲལ་དགོས་པའི་གསལ་བརྡ་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི“གཞུང་ཚབ་ཤར་གཏོང”སྐད་འཕྲིན་སྤྱི་སྟེགས་སྟེང་གནས་ཚུལ་བཀོད་པ་ལྟར་ན། ད་ལོའི་ཚུན་དུ་ཨ་ཧྥུ་ཧན་རྒྱལ་ཁབ་ནང་ཁུལ་གྱི་འགལ་བ་རྒྱུན་ཆད་མེད་པ་དང་འཇིག་སྐུལ་བའི་འཇབ་རྒོལ་ཐེངས་མང་བྱུང་སྟབས་བདེ་འཇགས་གནས་བབ་ཛ་དྲག་ཏུ་གྱུར་བ་རེད། ཕྱི་འབྲེལ་པུའུ་དང་ཨ་ཧྥུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨ་ཧྥུ་ཧན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་སྡེ་ཁག་གིས་སྔར་ལས་ལྷག་པར་དོགས་ཟོན་དང་ཉེན་སོན་གྲ་སྒྲིག་བྱ་རྒྱུ་མ་ཟད། རྒྱལ་སྤྱིའི་ཚོང་ལས་མཁའ་འགྲུལ་སྤྱད་ནས་མྱུར་དུ་ཁ་བྲལ་དགོས་པ་དང་།   གཞན་གལ་ཏེ་བྲེལ་མྱུར་གནས་ཚུལ་བྱུང་ཚེ་དུས་ཐོག་ཏུ་ཉེན་བརྡ་གཏོང་རྒྱུ་མ་ཟད་ཨ་ཧྥུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་འབྲེལ་བ་གནང་དགོས་པའི་གསལ་བརྡ་བཏང་བ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།