ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་སྲིད་གཞུང་གིས་དབྱི་སི་རལ་བར་ལ་བཞག་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྗེ་རེས་གྲོས་མཐུན་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། དབྱི་སི་རལ་བར་ལ་བཞག་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྗེ་རེས་གྲོས་མཐུན་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དེའི་རྒྱུ་མཚན་ནི་དབྱི་སི་རལ་ཕྱོགས་ཀྱིས་སྤྲད་པའི་འགོག་སྨན་དེ་ལག་རྩལ་དམིགས་ཚད་དང་མི་མཐུན་པ་རེད།

ཕ་ལེ་སི་ཐན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ལེ་ཧ་མུའུ་ཡིས་ཉིན་དེའི་དགོང་མོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་སྨན་བཅོས་དང་ལག་རྩལ་ཚན་ཆུང་གིས་དབྱི་སི་རལ་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་ཕ་ལེ་སི་ཐན་ལ་སྤྲད་པའི་སྐོར་དང་པོའི་འགོག་སྨན་ལ་ཞིབ་བཤེར་ཚད་ལེན་བྱས་རྗེས། སྐོར་དེའི་འགོག་སྨན་ཚང་མ་བརྗེ་རེས་གྲོས་མཐུན་ལས་གཏན་འཁེལ་བྱས་པའི་ལག་རྩལ་དམིགས་ཚད་དང་མི་མཐུན་པས། ཕ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐུས་ཡེ་ཡིས་འཕྲོད་བསྟེན་པུའུ་ལ་གྲོས་མཐུན་དེ་མེད་པར་གཏོང་དགོས་པའི་མཛུབ་སྟོན་གནང་།

མུའུ་ལེ་ཧ་མུའུ་ཡིས་བཤད་དོན། ཕ་ལེ་སི་ཐན་སྲིད་གཞུང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཕན་ནུས་ཤོར་བའི་འགོག་སྨན་དང་ལེན་མི་བྱེད་པ་དང་། སྐོར་དང་པོའི་འགོག་སྨན་ཚང་མ་ཕྱིར་དབྱི་སི་རལ་ལ་སྤྲད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།