ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་སུམ་ཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་དབུས་ཕྱོགས་ཀྱི་ཞེ་པེ་ལེ་དབུས་མ་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སུམ་ཅུ་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་མགྲིན་ཚབ་པ་ཨ་ལི་ཧཱ་ཞེ་ཡིས་དམག་ཕྱོགས་ཀྱི་རླུང་འཕྲིན་ཁང་ནས་བསྟན་དོན། སྲིད་གཞུང་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་ས་དེའི་ན་གཞོན་ཏང་གི་མགོ་བ་གཅིག་དང་བཅས་པའི་དྲག་ཆས་ཉེས་ཅན་སུམ་ཅུ་བསད་པ་དང་། དྲག་ཆས་ཉེས་ཅན་ཉེར་བཞི་རྨས་ཡོད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་མགོ་ཁྲིད་པ་ལཱ་ཅེ་ཡིས་བསྟན་དོན། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཞིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་མྱོང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།