ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡ་རུ་སྣུམ་འདྲེན་རླངས་འཁོར་ཞིག་ལ་འབར་གས་ཀྱི་དོན་རྐྱེན་ཞིག་བྱུང་ནས་མི7རྐྱེན་ལམ་དུ་ཤོར་བ་དང་མི2ལ་རྨས་སྐྱོན་ཕོག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན་ནི་ཀྲེ་རི་ཡའི་ལྷོ་ནུབ་རྒྱུད་ཀྱི་ཨོ་ཀུང་མངའ་སྡེ་རུ་སྣུམ་འདྲེན་རླངས་འཁོར་ཞིག་ལ་འབར་གས་ཀྱི་དོན་རྐྱེན་ཞིག་བྱུང་ནས་མི7རྐྱེན་ལམ་དུ་ཤོར་བ་དང་མི2ལ་རྨས་སྐྱོན་ཕོག་པ་རེད།

ཚེས་16ཉིན་ཨའོ་ཀུང་མངའ་སྡེ་ཡི་གཞུང་ལམ་ཆབ་སྲིད་དོ་དམ་སྡེ་ཁག་གི་འགན་འཁུར་བ་ཨ་ཅིན་ཝུན་སྨི·ཨའོ་ལ་ལུའུ་ཝོ་ཡེ་ཡིས་སྨྱན་བྱད་ལས་རིགས་ཁག་ལ་བཤད་རྒྱུར། མྱུར་ཚད་ཧ་ཅང་མགྱོགས་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཉིན་དེའི་ཞོགས་པར་ཨ་ཅི་ལའེ་ཐའེ་གྲོང་རྡལ་ཉེ་འགྲམ་གྱི་གཞུང་ལམ་སྟེང་རླངས་སྣུམ་བླུགས་པའི་སྣུམ་འདྲེན་རླངས་འཁོར་ཞིག་ལ་རྡུང་ནས་སྣུམ་འདྲེན་རླངས་འཁོར་ལ་མེ་ཤོར་ཞིང་། རླངས་འཁོར་གཉིས་ཀྱི་ཁྱོན་མི9ཡོད་པའི་ནང་མི7རྐྱེན་ལམ་དུ་ཤོར་བ་དང་མི2ལ་རྨས་སྐྱོན་བཟོས་པ་རེད།

ཨའོ་ལ་ལུའུ་ཝོ་ཡིས་འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།

འགྲོ་ལམ་གྱི་ཆ་རྐྱེན་ཅུང་ཞན་པ་དང་ཤོང་ཚད་ལས་བརྒལ་བ། མྱུར་ཚད་ལས་བརྒལ་བ་བཅས་ཀྱིས་ཀྲེ་རི་ཡ་རུ་འགྲིམ་འགྲུལ་གྱི་དོན་རྐྱེན་ཐེངས་མང་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།