ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་སྔར་བཞིན་ཛ་དྲག་ཏུ་གནས་པ་དང་གནད་དོན་རེ་འགར་ཐད་ཀར་འགྲེལ་བརྗོད་བྱེད་དགོས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་དྲ་རྒྱས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དེའི་སྔོན་ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་པའི་ནང་དོན་ཁྱབ་བསྒྲགས་བྱས། བཅར་འདྲི་བྱེད་སྐབས། ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་སྔར་བཞིན་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་དང་། གནད་དོན་རེ་འགར་ཐད་ཀར་འགྲེལ་བརྗོད་བྱེད་དགོས་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ལངས་ཕྱོགས་གཏན་འཁེལ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་སྟབས་བདེ་བཟོས་ནས། དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམ་པར་བྱེད་དགོས། ང་ཚོ་ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་པ་དང་། དེ་ལས་འཐབ་ཇུས་གཏན་འཇགས་མངོན་འགྱུར་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་དམག་ཆས་ཚོད་འཛིན་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད། ཨ་མེ་རི་ཁར་མཚོན་ན་དེ་ནི་ཐོག་མའི་ཁ་ཕྱོགས་ཡིན་པ་ང་ཚོས་ཤེས་ཡོད། སྤྱི་ཕྱོགས་ནས་བཤད་ན། དེ་ནི་ཆེད་མཁས་རིམ་པས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཞིག་ཡིན་དགོས་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་པུའུ་དང་རྒྱལ་སྲུང་པུའུ་ཡིས་སྤེལ་དགོས། ང་ཚོར་འབྱོར་བའི་བརྡ་ལྟར་ན་ཨ་མེ་རི་ཁ་ཕྱོགས་ཀྱིས་ཆེད་མཁས་རིམ་པའི་དམག་ཆས་གྲོས་མོལ་སླར་གསོ་བྱེད་པའི་རེ་བ་ཡོད། གལ་ཏེ་ཨུ་རུ་ཨི་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་མཇུག་སྒྲིལ་རྗེས། ཆ་རྐྱེན་དེ་རིགས་ལྡན་ན་ང་ཚོས་དེའི་ཐད་ནས་གྲོས་མོལ་བྱ་བ་སྤེལ་རྩིས་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨ་མེ་རི་ཁའི་མཁའ་འགྲུལ་ཁྱབ་ཁོངས་བར་མཉམ་ལས་བྱེད་འདོད་ཡོད། དེ་ནི་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གི་ཁེ་ཕན་གྱི་ཁྱབ་ཁོངས་གཅིག་ཙམ་རེད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཞི་བདེའི་འཕེལ་རྒྱས་ལ་གོ་སྐབས་བསྐྲུན་དགོས། ཉམས་ཉེན་གནས་ཚུལ་བྱུང་ཡོད་ན། ངེས་པར་དུ་རྒྱལ་ཁབ་དེ་དག་གི་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་ལས། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱས་ནས་ཐག་གཅོད་བྱེད་མི་རུང་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།