ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔ་འབུམ་གསུམ་སྟོང་དྲུག་ལྔ་བརྒྱ་གོ་བརྒྱད་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་པའི་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔ་འབུམ་གསུམ་སྟོང་དྲུག་ལྔ་བརྒྱ་གོ་བརྒྱད་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་གཅིག་གི་བར།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་གསུམ་དང་ཁྲི་བརྒྱད་སྟོང་བདུན་ཉིས་བརྒྱ་དང་དགུ་ཇེ་མང་དུ་སོང་བ་དང་།  བསྡོམས་པས་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔ་འབུམ་གསུམ་སྟོང་དྲུག་ལྔ་བརྒྱ་གོ་བརྒྱད་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་ཁྲི་གཅིག་དང་བརྒྱ་དང་ང་བརྒྱད་ཇེ་མང་དུ་སོང་བ་དང་།  བསྡོམས་པས་ས་ཡ་གསུམ་དང་འབུམ་བདུན་ཁྲི་དགུ་སྟོང་གཉིས་བདུན་བརྒྱ་དོན་བདུན་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།