ཀྲུང་གོ་བོད་ཀྱི་དྲ་བ།

གཟའ་མཇུག་གི་སྐབས་སུ་ཨ་མེ་རི་ཁ་རུ་མེ་མདའི་དོན་རྐྱེན་ཐེངས་གསུམ་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཉེན་རྟོག་པས་བཤད་རྒྱུར། ཏི་ཀུ་ས་སི་མངའ་སྡེ་དང་ཡི་ལི་ནའོ་ཡི་མངའ་སྡེ། ཙའོ་ཀྲུ་ཡཱ་མངའ་སྡེ་བཅས་སུ་གཟའ་མཇུག་གི་སྐབས་སུ་མེ་མདའི་དོན་རྐྱེན་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མ་མཐར་ཡང་མི་སུམ་ཅུར་རྨས་ཕོག ཨ་མེ་རི་ཁའི་མི་གང་མང་ཞིག་གིས་ཐེངས་འདིའི་མེ་མདའི་དྲག་ཤུགས་དོན་རྐྱེན་ཐད་སེམས་ཁུར་བྱེད་བཞིན་ཡོད།

ཏི་ཀུ་ས་སི་མངའ་སྡེའི་ཨའོ་སི་ཏེན་གྲོང་ཁྱེར་དུ་ཉེས་ཅན་གྱིས་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པའི་དུས་སུ་གྲོང་ཁྱེར་གྱི་དཀྱིལ་སྙིང་གི་ཟ་ཁང་དང་ཆང་ཁང་གི་ཉེ་འགྲམ་གྱི་རྐང་ལམ་དུ་མེ་མདའ་རྒྱབ་ནས་མི་བཅུ་བཞི་ལ་རྨས་ཕོག་པ་དང་། དེའི་ཁྲོད་ཀྱི་མི་གཉིས་ལ་རྨས་ལྕི་མོ་ཕོག་པ་རེད།

ཡི་ལི་ནའོ་ཡི་མངའ་སྡེའི་ཀྲི་ཅ་ཀུ་གྲོང་ཁྱེར་དུ་སྐྱེས་པ་གཉིས་ཀྱིས་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པའི་དུས་སུ་ལམ་འགྲམ་གྱི་བརྒྱུད་ལམ་སྟེང་གི་མི་རྣམས་ཀྱི་ཁྲོད་དུ་མི་མདའ་རྒྱབ་ནས་ལོ་ཉེར་དགུར་སོན་པའི་སྐྱེས་མ་ཞིག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག

ཙའོ་ཀྲི་ཡཱ་མངའ་སྡེའི་སཱ་ཧྥན་ནཱ་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་མེ་མདའི་དོན་རྐྱེན་བྱུང་ནས་སྐྱེས་པ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག རྨས་མའི་ཁྲོད་དུ་ལོ་གཅིག་དང་ཕྱེད་ཀ་ཅན་གྱི་བྱིས་པ་ཞིག་དང་ལོ་བཅུ་གསུམ་ཅན་གྱི་བྱིས་པ་ཞིག་ཀྱང་འདུས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།