ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་དམག་དཔུང་དང་ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གིས་མདེལ་དངོས་མའི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།     སྤེལ་དུས། : 2021-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་དང་ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་དུས་ཡུན་ཉིན་ལྔའི་མདེལ་དངོས་མའི་དམག་དོན་སྦྱོང་བརྡར་བྱ་འགུལ་ཡོངས་འགྲུབ་བྱས། 

མིང་ལ་རྣོ་ལྕགས་ཀྱི་དྲག་རླུང་ཞེས་པའི་དམག་དོན་སྦྱོང་བརྡར་དེ་ལོ་རེར་ཐེངས་གཉིས་སྤེལ་བཞིན་ཡོད། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ནཱ་ཀུའུ་ལཱ་གྲོང་རྡལ་དུ་ཡོད་པའི་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་སྤྱི་ཁྱབ་པུའུ་ཡི་ཉེ་འདབས་ནས་སྤེལ་བ་དང་། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་གཙོ་ཁྲིད་བྱས་ལ། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་འཁྲབ་ལྡན་འཁོར་ལོའི་སྒྲིག་ཆས་དང་བསྟུད་བརྒྱག་མེ་མདའ། མཚོན་ཆ་ཆུང་གྲས་ཀྱི་མདེལ་དངོས་མའི་གཏོང་འཕེན་སོགས་འདུས་ཡོད་ཟེར། 

ཧྥུན་ལན་དང་ཧྥ་རན་སི། ཁཱ་ནཱ། ཧན་གོ། མཱ་ལེ་ཞི་ཡཱ། སི་ཕན་སོགས་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་དང་། ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གི་དཔོན་དམག་སྐོར་ཞིག་དམག་དོན་སྦྱོང་བརྡར་ལ་ཞུགས། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལྟར་ན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ལས་འགན་ནི་ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རོགས་འདེགས་བྱེད་རྒྱུ་དེ་རེད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།