མཱ་ལིའི་ཙུང་ཐུང་བཞུགས་ཤག་གིས་སྐབས་གསར་བའི་བར་བརྒལ་སྲིད་གཞུང་གི་ཁོངས་མིའི་མིང་ཐོབ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གཅིག་ཉིན་མཱ་ལིའི་སྐབས་གསར་བའི་བར་བརྒལ་སྲིད་གཞུང་གི་ཁོངས་མིའི་མིང་ཐོ་ཁྱབ་སྒྲོག་བྱས་ཏེ། དུས་ཡུན་ཟླ་ངོ་བཅོ་བརྒྱད་ཀྱི་ཆབ་སྲིད་བར་བརྒལ་འཕེལ་རིམ་སླར་གསོ་བྱས། 

མཱ་ལིའི་བར་བརྒལ་ཙུང་ཐུང་ཀི་དབྱེ་ཐཱ་ཡིས་ཉིན་དེར་ཙུང་ཐུང་བཀའ་རྒྱ་བཀོད་དེ། བར་བརྒལ་ཙུང་ལི་མཱ་དབྱེ་ཅཱ་ཡི་གྲོས་གཞི་ལྟར་དུ་བར་བརྒལ་སྲིད་གཞུང་གི་ཁོངས་མི་གསར་བ་བསྐོ་འཇོག་བྱས། 

མཱ་ལིའི་བར་བརྒལ་སྲིད་གཞུང་ལ་བསྡོམས་པས་པུའུ་ཀྲང་ཉེར་ལྔ་དང་པུའུ་ཀྲང་རིམ་པའི་འཐུས་མི་གསུམ་ཡོད་ལ། དེའི་ནང་དམག་མི་བཞི་འདུས། 

སྐབས་དང་པོའི་བར་བརྒལ་སྲིད་གཞུང་ཁྲོད་རྒྱལ་སྲུང་དང་དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་གྱི་པུའུ་ཀྲང་གི་འགན་ཁུར་མཁན་ཁཱ་མཱ་ལཱ་ཡིས་ཡང་བསྐྱར་རྒྱལ་སྲུང་དང་དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་གྱི་པུའུ་ཀྲང་གི་འགན་ཁུར་ཡོད་ལ། སྐབས་དང་པོའི་བར་བརྒལ་སྲིད་གཞུང་ཁྲོད་བདེ་འཇགས་དང་སྤྱི་དམངས་སྲུང་སྐྱོབ་བྱ་བའི་པུའུ་ཀྲང་གི་འགན་ཁུར་མཁན་ཁི་ནེ་བར་བརྒལ་སྲིད་གཞུང་གསར་བར་ཞུགས་མེད་ལ། དམག་མི་གཞན་པ་ཞིག་གིས་བདེ་འཇགས་དང་སྤྱི་དམངས་སྲུང་སྐྱོབ་བྱ་བའི་པུའུ་ཀྲང་གི་འགན་ཁུར་ཡོད། ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།