ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ལྷོ་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་སྲིད་གཞུང་དམག་དཔུང་གི་དམག་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཡེ་མིན་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་དུ་ཉིན་དེར་དམག་བཀོལ་རླངས་འཁོར་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་སྲིད་གཞུང་གི་དམག་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག་ཟེར། 

མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། འགས་གཏོར་དེ་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། འགད་རྫས་དྲུད་ཡོད་པའི་འཕྲུལ་རྟ་ཞིག་ཨ་པུས་དབྱང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅིན་ཅི་པཱ་ཨར་གྱི་ཚོང་ར་ཞིག་ནས་གློ་བུར་དུ་འགས་གཏོར་བྱུང་སྟེ། རླངས་འཁོར་མང་བོ་དང་ཚོང་ཁང་མང་བོར་གཏོར་བརླག་ཐེབས། འཇབ་རྒོལ་ཐེབས་མཁན་ལ་དམག་མི་ལས་གཞན་མི་སེར་དཀྱུས་མ་སྐོར་ཞིག་ཀྱང་ཡོད་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། སྲིད་གཞུང་གི་དཔོན་རིགས་དེས་བསྟན་དོན། རྟེན་གཞིའི་རྩ་འཛུགས་ཀྱི་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་དོན་རྐྱེན་བྱུང་སའི་ས་ཁུལ་དུ་རྒྱུན་པར་འགུལ་སྐྱོད་བྱེད་པ་དང་། རྩ་འཛུགས་དེའི་ཁོངས་མིས་དུས་རྒྱུན་འགད་རྫས་བཀོལ་ནས་སྲིད་གཞུང་དང་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ལྐོག་གསོད་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།