ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱིས་ཏུང་ཅིང་ནས་ཨོ་ལིན་ཕིག་གི་ལེགས་བཤད་བཟོ་བཅོས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱིས་ཉེ་སྔོན་བརྙན་རིས་གྲོས་ཚོགས་བསྡུས་ཏེ། མི་འགྱངས་པར་ཏུང་ཅིང་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱིས་ཨོ་ལིན་ཕིག་གི་ལེགས་བཤད་དེ་སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་སྟོབས་ལྡན་བཅས་ཀྱི་རྗེས་སུ་སྔར་ལས་མཐུན་སྒྲིལ་ཁ་སྣོན་བྱེད་མིན་ལ་གྲོས་ཞིབ་བྱེད་རྒྱུ་རེད་ཟེར། 

ཚེས་བརྒྱད་ཉིན་ཚོགས་མགོ་བརྩམས་པའི་ཐེངས་འདིའི་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་རེད། དེའི་སྔོན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་གནས་བབ་སྔར་བཞིན་ཛ་དྲག་ཡིན་སྟབས། ལུས་རྩལ་པའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཆེད། ཁྲའོ་ཞན་ཏུང་ཅིང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་མི་སྲིད་པར་ཐག་བཅད་ཡོད། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཁྲའོ་ཞན་ཕྱིར་བུད་པ་ལས་སྟོང་བར་ལུས་པའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འདུག་གནས་དག་རྒྱལ་སྤྱིའི་སྣ་གཅིག་ལུས་རྩལ་མཉམ་འབྲེལ་ཚོགས་པ་སོ་སོའི་རིམ་འཕར་སྒྲིག་སྲོལ་ལྟར་དུ་རྒྱལ་ཁབ་དང་ས་ཁུལ་གཞན་པའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལ་བགོ་བཤའ་བྱེད་རྒྱུ་ཐག་བཅད། 

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ཡིས་ད་ལོའི་ལོ་མགོར་བསྟུད་འགན་ཁུར་རྗེས། སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་རྗེས་ཀྱི་དུས་རབས་ལ་ཁ་གཏད་འཇལ་ཆེད། ཨོ་ལིན་ཕིག་གི་ལེགས་བཤད་དེ་སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་སྟོབས་ལྡན་བཅས་ཀྱི་རྗེས་སུ་སྔར་ལས་མཐུན་སྒྲིལ་ཁ་སྣོན་བྱེད་པའི་གྲོས་གཞི་བཏོན་པ་རེད། 

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཟླ་བཞི་བར་བསྟན་དོན། པཱ་ཧི་ཡིས་ཨོ་ལིན་ཕིག་གི་ལེགས་བཤད་བཟོ་བཅོས་བྱེད་པའི་གྲོས་གཞི་བཏོན་པར་རྒྱབ་སྐྱོར་བྱེད་པ་དང་། དེའི་རྗེས་སུ་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དག་གི་བསམ་འཆར་རྒྱ་ཆེར་འཚོལ་སྡུད་བྱས། མི་འགྱངས་པར་ཏུང་ཅིང་ནས་ཚོགས་རྒྱུ་ཡིན་པའི་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱིས་ཨོ་ལིན་ཕིག་གི་སྒྲིག་ཡིག་ལ་བཟོ་བཅོས་བྱེད་པའི་འབྲེལ་ཡོད་གྲོས་གཞིར་ལ་གྲོས་ཞིབ་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།