ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པས་སུའུ་ཏན་སྲིད་གཞུང་ལ་རོགས་རམ་བྱས་ཏེ་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པེན་གྱིས་ཚེས་དགུ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་སུའུ་ཏན་དང་འབྲེལ་བའི་གནས་བབ་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གི་ནུས་པའི་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། དེས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཏའེ་པེན་གྱིས་བཤད་རྒྱུར། དུས་ཚོད་ངེས་ཅན་ཞིག་གི་ཚུན་ལ། སུའུ་ཏན་གྱི་གནས་བབ་ལ་མུ་མཐུད་དུ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། ཞི་བདེའི་འཕེལ་རིམ་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། སུའུ་ཏན་གྱི་ཕྱོགས་ཁག་སོ་སོས་མིག་སྔའི་གནས་བབ་བཟང་བོ་སྲུང་འཛིན་བྱས་ནས། སུའུ་ཏན་གྱི་ཆབ་སྲིད་འཕེལ་རིམ་དེ་ཡང་དག་པའི་ལམ་དུ་བགྲོད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། 

ཏའེ་པེན་གྱིས་བསྟན་དོན། ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་གནས་བབ་སྤྱིའི་ཕྱོགས་ནས་གཏན་འཇགས་སུ་སོང་ཡོད་ཀྱང་། རིགས་རྒྱུད་བར་གྱི་འཁྲུག་རྩོད་དུས་ངེས་མེད་དུ་འབྱུང་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སུའུ་ཏན་སྲིད་གཞུང་བར་གྱི་ནུས་པའི་འཛུགས་སྐྲུན་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སུའུ་ཏན་སྲིད་གཞུང་གིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་། ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་མང་ཚོགས་འཁྲུག་རྩོད་ནི་གནད་དོན་རྙིང་བ་ཞིག་ཡིན་ལ། ཕྱོགས་བསྡུས་ཀྱིས་བར་འདུམ་དང་འགྲིག་མཐུན། ཁྲིམས་སྐྱོང་སོགས་བྱེད་ཐབས་མང་བོ་སྤྱོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་བརྟེན་ནས་འཁྲུག་རྩོད་ཀྱི་འབྱུང་རྩ་མེད་པར་གཏོང་དགོས་ཟེར། 

ཏའེ་པེན་གྱིས་བསྐྱར་སྒྲོག་བྱས་དོན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ལངས་ཕྱོགས་འགྱུར་མེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁ་གསབ་ཀྱི་དོ་དམ་ཁོངས་གཏོགས་ཀྱི་རྩ་དོན་བརྩི་སྲུང་ནན་མོ་བྱེད་པ་དང་། ཟོལ་མེད་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་བདག་དབང་ལ་བརྩི་འཇོག་དང་། སུའུ་ཏན་སྲིད་གཞུང་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ལུགས་མཐུན་རེ་འདོད་ལ་མཐོང་ཆེན་གང་ལེགས་བྱེད་དགོས་པར་མ་ཟད། སུའུ་ཏན་སྲིད་གཞུང་གི་བསམ་འཆར་ལ་བརྩི་འཇོག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།