ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་དང་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལོས་མིན་ཏའོ་ཡིས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལོས་མིན་ཏའོ་ལ་ཁ་པར་བཏང་སྟེ། ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་དོན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན་དང་ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ལྷག་བསམ་རྣམ་དག་དང་དངོས་ཐོག་བདེན་འཚོལ་གྱིས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་དོན་ཁྱབ་ཁོངས་ཀྱི་གྲོས་མོལ་བརྗེ་རེས་ལ་གལ་འགངས་ཧ་ཅང་ཆེ་བ་དང་། ཉོ་ཚོང་དངུལ་གཏོང་གི་དངོས་གཉེར་མཉམ་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་འགལ་བ་ཐག་གཅོད་འོས་འཚམ་བྱེད་པར་ཡིད་འཐད་བྱུང་བར་མ་ཟད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བྱ་བའི་འབྲེལ་འདྲིས་སྲུང་འཛིན་བྱེད་པར་ཡིད་འཐད་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།