ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་སི་རི་ཡཱའི་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རི་ཡཱའི་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར། 

སི་རི་ཡཱའི་དམག་ཕྱོགས་ཀྱི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ས་དེའི་དུས་ཚོད་ཚེས་བརྒྱད་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཅིག་དང་སྐར་མ་སོ་དྲུག་སྟེང་། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་བར་སྣང་ནས་སི་རི་ཡཱའི་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་བཀག་འགོག་བྱས་པ་དང་། འཕུར་མདའ་སྐོར་ཞིག་སར་འཕངས་ཡོད། འཇབ་རྒོལ་དེ་ལས་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་ཙམ་རེད་ཟེར། གསལ་སྒྲོག་ལས་དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་བྱེད་པའི་བྱེ་བྲག་གི་དམིགས་ཡུལ་གསལ་བོར་བསྒྲགས་མེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་ཡས་མས་སུ་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་ཐོས་པ་དང་། ཏཱ་མཱ་ཧྲི་ཀིའི་ལྷོ་ནུབ་ཕྱོགས་ཀྱི་བར་སྣང་ནས་འོད་འཆའ་བཞིན་པ་མཐོང་ཐུབ་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།