ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ནས་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་རེ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་སྲིད་གཞུང་གི་དཔོན་པོས་ཚེས་བརྒྱད་ཉིན་བསྟན་དོན། ཚེས་བདུན་ཉིན་ཞིན་ཏི་ཞིང་ཆེན་གྱི་ཁི་ཏི་ཅི་ས་ཁུལ་དུ་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་གཉིས་ཐོབ་བརྒྱབ་པའི་དོན་རྐྱེན་ལས་མིག་སྔར་ཉུང་མཐར་ཡང་མི་རེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ཁི་ཏི་ཅི་ས་ཁུལ་དུ་གཏོགས་པའི་སུའུ་ཁུའུ་ཨར་ས་ཁུལ་གྱི་ཆེད་དོན་པ་མཱ་ཧི་སཱ་ཨར་གྱིས་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་དེ་ལས་མེ་འཁོར་གྱི་འཁོར་སྒམ་མང་བོར་གཏོར་བརླག་ཐེབས་པ་དང་། རྒུད་སྐྱོབ་མི་སྣས་འཁོར་སྒམ་ལས་འདས་པོའི་བེམ་པོ་མང་བོ་རྙེད་ཡོད་ལ། དེ་ནི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཇེ་མང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་རེད་ཟེར། 

མཱ་ཧི་སཱ་ཨར་གྱིས་བཤད་རྒྱུར། མིག་སྔར་རྨས་མ་བརྒྱ་ལྷག་གིས་སྨན་ཁང་མང་བོར་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་ཉུང་མཐར་ཡང་མི་བཅོ་ལྔར་རྨས་ཚབས་ཆེན་ཕོག་ཡོད་ཟེར 

ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ལྕགས་ལམ་དང་བརྡ་རྟགས་མ་ལག་ཁྲོད་གནས་པའི་གནད་དོན་ནི་རྒྱུ་རྐྱེན་གཙོ་བོ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།