ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་དྲུག་ཉིན་རྒྱལ་ཁབ་དའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་མན་སེ་ཧི་ལཱ་ས་ཁུལ་ནས་གྲོག་རོང་དུ་ལྷུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་གསུམ་ལ་རྨས་ཕོག་ཟེར།
མན་སེ་ཧི་ལཱ་ས་ཁུལ་གྱི་ཆེད་དོན་པ་གཞོན་པ་ཁཱ་ཞི་མུའུ་ཧན་གྱིས་གསར་འགོད་པར་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་དེ་མྱུར་ཚད་ལས་བརྒལ་བས། དཀྱོགས་མཚམས་སུ་བགྲོད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས་ལམ་མཐའ་རུ་ལྷུང་བ་རེད། འདས་པོ་བརྒྱད་ཀྱི་གྲས་སུ་བུད་མེད་གཉིས་དང་བྱིས་པ་གསུམ་འདུས་ཟེར།
དོན་རྐྱེན་བྱུང་རྗེས། རྒུད་སྐྱོབ་མི་སྣ་དང་ས་གནས་མང་ཚོགས་མྱུར་དུ་དོན་རྐྱེན་བྱུང་སར་འབྱོར་ནས་རྒུད་སྐྱོབ་བྱ་བ་སྤེལ་བ་དང་། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བརྒྱད་རྐྱེན་ལམ་དུ་ཤོར།