ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་ནུབ་བྱང་ས་ཁུལ་དུ་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གྱ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པུས་མངའ་སྡེའི་གྲོང་སྡེ་མང་བོར་ཉེ་སྔོན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་སྡེ་མི་གྱ་བརྒྱད་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

ཁའེ་པུས་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་པུའུ་པཱ་ཁཱ་ཨར་གྱིས་ཉིན་དེར་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་པུས་ཨར་ཉིང་ཁའེ་པུས་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མངའ་སྡེ་དེའི་ཏན་ཁི་ཝ་སཱ་ཀུའུ་ས་ཁུལ་གྱི་སྡེ་བ་བརྒྱད་ལ་ཚེས་གསུམ་ཉིན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་སྡེ་མི་གྱ་བརྒྱད་ཀྱི་བེམ་པོ་རྙེད་ཡོད་ལ། ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་ཐེབས་པའི་སྡེ་བར་ཉེན་རྟོག་པ་མང་དུ་བཀོད་སྒྲིག་བྱས་ནས་འཇབ་རྒོལ་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས། 

ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། མི་སྣ་མང་བོར་ཤི་རྨས་བཟོས་ཡོད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།