ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གི་གྲོས་མོལ་ལ་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རེ་བ་བྱེད་ཀྱིན་མེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁས་ཟླ་འདིར་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་གྲོས་མོལ་ལ་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རེ་བ་བྱེད་ཀྱིན་མེད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྒྲགས་པ་ལྟར་ན། ང་ཚོས་གྲོས་མོལ་ལ་ཐོལ་བརྒལ་རང་བཞིན་དང་ལོ་རྒྱུས་རང་བཞིན་ལྡན་པའི་ཆོད་དོན་རེ་འགའ་འགོད་པར་འཆར་འགོད་འཐེན་རྩིས་མེད་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོས་མོལ་བྱེད་རྒྱུ་ཐག་བཅད་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་ད་ལྟའི་གནས་ཚུལ་དང་སྔར་ལས་ལྷག་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས། འཐབ་ཇུས་གཏན་འཇགས། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་མཉམ་ལས། ས་ཁུལ་གྱི་འཁྲུག་རྩོད་མཐུན་སྦྱོར་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སིའི་བར་གྱི་འབྲེལ་བ་སླར་གསོ་བྱེད་པའི་ཁྲོད་ཀྱི་སྔོན་དཔག་རང་བཞིན་དང་གཏན་འཇགས་རང་བཞིན་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་གནད་དོན་གལ་ཆེན་རབ་དང་རིམ་པར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།