ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རན་གྱི་དམག་གྲུ་རྙིང་པ་ཞིག་རྒྱ་མཚོ་ནང་ནུབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རན་གྱི་དམག་གྲུ་རྙིང་པ་ཞིག་ཚེས1ཉིན་མེ་སྐྱོན་བྱུང་ཤིང་ཚེས2ཉིན་ཨ་མན་མཚོ་ཁུག་ཏུ་ནུབ།

དབྱི་རན་སློབ་མའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དམག་གྲུ་དེ་མེ་སྐྱོན་བྱུང་རྗེས་མེ་རྒྱུན་གང་སར་མཆེད་པའི་དབང་གིས་མེ་གསོད་བྱ་བར་དཀའ་ཁག་མི་ཉུང་བ་འཕྲད་ཅིང་། དམག་གྲུ་སྟེང་གི་མི་རྣམས་མགྱོགས་མྱུར་སྒོས་མཚོ་ངོགས་སུ་གནས་སྤར་པས་ཤི་རྨས་ཅི་ཡང་བྱུང་མེད།

 ཤེས་རྟོགས་བྱུང་བར་གཞིགས་ན། དམག་གྲུ་དེའི་མིང་ལ“ཧར་ཁུ”རྟགས་ཅན་ཟེར་ཞིང་དམག་དོན་སྦྱོང་བརྡར་བྱས་ནས་ལོ40ལྷག་འགོར་ཡོད་ལ། དབྱི་རན་ལྷོ་རྒྱུད་ཀྱི་ཨ་མན་མཚོ་ཁུག་གི་ཅ་སི་ཁེ་གྲུ་ཁའི་ཉེ་འགྲམ་གྱི་རྒྱ་མཚོ་ནང་ནུབ་པ་རེད།

མིག་སྔར་དབྱི་རན་གཞུང་ཕྱོགས་ཀྱིས་དམག་གྲུ་དེ་མེ་ཤོར་བའི་ཞིབ་ཕྲའི་རྒྱུ་རྐྱེན་ཁྱབ་བསྒྲགས་བྱས་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།