དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཀྱང་གནད་འགག་གི་གནད་དོན་ད་རུང་ཐག་གཅོད་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བསྟན་དོན། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་སྤེལ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་ཚོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཀྱང་། གནད་འགག་གི་གནད་དོན་མང་བོ་ད་རུང་ཐག་གཅོད་བྱེད་དགོས་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་དེ་ཛ་དྲག་གི་གནས་སུ་ལྷུང་མེད་ལ། གནད་འགག་གི་གནད་དོན་ལ་གྲོས་བསྡུར་བྱེད་བཞིན་ཡོད། ཁོས་བསྟན་དོན། དབྱི་ལིང་ཕྱོགས་ཀྱིས་གྲོས་མཐུན་འགོད་པར་བྲེལ་བ་ལངས་བཞིན་མེད་ཀྱང་། གྲོས་མོལ་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་སྲིད་ཟེར། ཁོས་ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་གིས་སྐབས་སྔོན་མའི་སྲིད་གཞུང་གི་དབྱི་ལིང་ལ་དམིགས་པའི་སྲིད་ཇུས་ཐད་ནས་མཇུག་མཐའི་ཆོད་དོན་སྤེལ་དགོས་པའི་སྐུལ་མ་བཏང་། 

དབྱི་ལིང་དང་ཨ་མེ་རི་ཁའི་བར་བཀག་འཇུག་མི་སྣ་བརྗེ་སྤོར་བྱས་པའི་སྐོར་གྱི་གནས་ཚུལ་ཐད་ནས་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་དང་བཀག་འཇུག་མི་སྣའི་བར་འབྲེལ་ཅི་ཡང་མེད་པར་བསམ་ཡོད་ཟེར། 

དབྱི་ལིང་གི་གསར་འགྱུར་ལས་རིགས་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། དབྱི་ལིང་གིས་ཨ་མེ་རི་ཁའི་བར་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།