ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏ་མངའ་སྡེའི་ལྷོ་ཕྱོགས་ཀྱི་མེ་ཨ་མི་ཏེ་ཏི་རྫོང་དུ་མེ་འདས་དོན་རྐྱེན་ཞིག་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ཉི་ཤུ་ལ་རྨས་ཕོག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར།  ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏ་མངའ་སྡེའི་ལྷོ་ཕྱོགས་ཀྱི་མེ་ཨ་མི་ཏེ་ཏི་རྫོང་དུ་མེ་འདས་དོན་རྐྱེན་ཞིག་བྱུང་སྟེ།   མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་།  མི་ཉི་ཤུ་ལ་རྨས་ཕོག

མེ་ཨ་མི་ཏེ་ཏི་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན།  ས་དེའི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་ནས་དུས་ཚོད་གཅིག་བར་དུ།   དོགས་ཡོད་ཉེས་ཅན་གསུམ་རླངས་འཁོར་ལ་བསྡད་དེ་རྫོང་དེའི་ཤར་བྱང་ཕྱོགས་ཀྱི་ཧེ་ཨུ་ལི་ཡ་གྲོང་ཁྱེར་གྱི་གླུ་དབྱངས་དགོང་ཚོགས་ཤིག་གི་ཡུལ་དངོས་ནས་ལྟད་མོ་བ་རྣམས་ལ་མེ་འདས་བརྒྱབ་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་།  གཞན་ཡང་མི་ཉི་ཤུ་རྨས་ཟེར།   རྨས་མ་རྣམས་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་ཀྱིན་ཡོད་པ་དང་། དེའི་ཁྲོད་ཀྱི་རྨས་མ་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

ས་གནས་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར།    ཐེངས་འདིའི་མེ་འདས་དོན་རྐྱེན་དེ་ལ་དམིགས་ཡུལ་ངེས་ཅན་ཡོད་པ་དང་།  མིག་སྔར་དོགས་ཡོད་ཉེས་ཅན་ཚང་མ་འཛིན་བཟུང་བྱེད་བཞིན་པའི་སྒང་ཡིན་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།