ནི་ཀྲེ་རི་ཡའི་དབུས་བྱང་རྒྱུད་ཀྱི་གྲོང་རྡལ་ཞིག་ཏུ་འཇབ་རྒོལ་ཐེབས་ནས་སློབ་མ་མང་པོར་བཙན་ཁྲིད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་ནི་ཀྲེ་རི་ཡའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྒྱལ་ཁབ་དེའི་དབུས་བྱང་རྒྱུད་ཀྱི་ཉི་རུའར་མངའ་སྡེ་ཐའེ་ཅི་ན་གྲོང་རྡལ་ལ་ཉིན་དེར་དྲག་ཆས་པའི་འཇབ་རྒོལ་ཐེབས་ནས་མི1རྐྱེན་ལམ་དུ་ཤོར་བ་དང་སློབ་མ་མང་པོ་བཙན་ཁྲིད་བྱས། 

ཉི་རུའར་མངའ་སྡེ་ཡི་ཉེན་རྟོག་ཕྱོགས་ཀྱི་འགན་འཁུར་བ་ཨ་ཏ་མུའུ·ཨའོ་སི་མན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། ཚེས30ཉིན་གྱི་ཕྱི་དྲོར་དྲག་ཆས་པ་ཁག་གཅིག་གིས་འཕྲུལ་རྟ་བཞོན་ནས་མངའ་སྡེ་དེའི་ཐའེ་ཅི་ན་གྲོང་རྡལ་དུ་མཛུལ་ནས་མི་ཚོགས་ལ་མེ་མདའ་བརྒྱབ་པས་མི1རྐྱེན་ལམ་དུ་ཤོར་འདུག་ལ། དེ་རྗེས་དྲག་ཆས་པས་གྲོང་བརྡལ་དེའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ནས་སློབ་མ་མང་པོ་བཙན་ཁྲིད་བྱས་པས་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་བཙན་ཁྲིད་བྱས་པའི་སློབ་མ་སྐྱོབ་ཅི་ཐུབ་བྱེད་བཞིན་ཡོད་ཅེས་བཤད།

གཞན་ཡང་ས་གནས་དེ་གའི་སྨྱན་བྱད་ཀྱིས་འབྲེལ་ཡོད་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་དྲག་ཆས་འཇབ་རྒོལ་ནང་སློབ་མ200ལྷག་བཙན་ཁྲིད་བྱས་ཡོད་པ་རེད།

ཉེ་བའི་ཟླ་ཤས་རིང་ནི་ཀྲེ་རི་ཡ་རུ་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་ཞིང། དེའི་ནང་དུ་སློབ་མ་བཙན་ཁྲིད་བྱས་པའི་དོན་རྐྱེན་ཀྱང་མང་པོ་བྱུང་ཡོད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།