ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་སོ་བདུན་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་དབུས་མ་ས་ཁུལ་དུ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སོ་བདུན་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་འཆར་གཞི་ལྟར་ན་གཞོན་ཏང་གི་ཞེ་པེ་ལེ་དབུས་མ་ས་ཁུལ་གྱི་རྟེན་གཞི་ཞིག་ཏུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་སོ་བདུན་བསད་པ་དང་། གཞན་ཡང་མི་གཉིས་འཛིན་བཟུང་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། སྲིད་གཞུང་དམག་དཔུང་གི་མགོ་ཁྲིད་པ་ལཱ་ཅེ་ཡི་མགོ་ཁྲིད་འོག སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ནས་བཟུང་ཞེ་པེ་ལེ་དབུས་མ་ས་ཁུལ་གྱི་ས་གནས་མང་བོར་ན་གཞོན་ཏང་གཙང་ཕྱགས་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ། 

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞིའི་རྩ་འཛུགས་བར་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་དག་ནས་ཐེངས་མང་བོར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།