ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་ཉིས་བརྒྱ་དང་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་མང་བོ་ནས་འགུལ་སྐྱོད་སྤེལ་བ་དང་། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་ཉིས་བརྒྱ་དང་བཅུ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ནན་ཀི་ཧཱ་ཨར་ཞིང་ཆེན་དང་ཧའོ་སི་ཐི་ཞིང་ཆེན། ལུའུ་ཀི་ཨར་ཞིང་ཆེན་སོགས་ཞིང་ཆེན་མང་བོ་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་བ་རེད། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་ཉིས་བརྒྱ་དང་བཅུ་བསད་པ་ལས་གཞན། སྲིད་གཞུང་དམག་དཔུང་གིས་ད་རུང་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་གོ་ལྔ་རྨས་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།