ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་སློབ་ཆེན་ཞིག་ནས་བཙན་ཁྲིད་བྱས་པའི་མི་སྣ་བཅུ་བཞི་ཕྱིར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་མངའ་སྡེའི་ཀི་ལིན་ཧྥེ་ཨར་ཏི་སློབ་ཆེན་གྱི་བཙན་ཁྲིད་བྱས་པའི་མི་བཅུ་བཞི་ཉིན་དེར་ཕྱིར་བཏང་། 

ཁཱ་ཏུའུ་ནཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཅཱ་ལི་ཀི་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཀི་ལིན་ཧྥེ་ཨར་ཏི་སློབ་ཆེན་ནས་མི་ཉི་ཤུ་བཙན་ཁྲིད་བྱས། ཕྱོགས་མང་བོས་འབད་བརྩོན་བྱས་པ་བརྒྱུད། དྲག་ཆས་ཉེས་ཅན་གྱིས་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་རྒྱལ་ས་ཨ་པུའུ་ཅཱ་ནས་ཁཱ་ཏུའུ་ནཱ་བར་གྱི་མྱུར་བགྲོད་གཞུང་ལམ་ཞིག་གི་ཉེ་འདབས་ནས་བཙན་ཁྲིད་བྱས་པའི་མི་བཅུ་བཞི་ཕྱིར་བཏང་བ་དང་། དེའི་ནང་སློབ་མ་བཅུ་གཉིས་དང་ལས་བཟོ་བ་གཉིས་བཅས་འདུས། 

ཁཱ་ཏུའུ་ནཱ་མངའ་སྡེའི་ནང་སྲིད་སྡེ་ཁག་གི་འགན་ཁུར་བ་ཨ་ལུའུ་ཝན་གྱིས་ཀྱང་ཉིན་དེར་ཀི་ལིན་ཧྥེ་ཨར་ཏི་སློབ་ཆེན་ནས་བཙན་ཁྲིད་བྱས་པའི་མི་སྣ་ཕྱིར་བཏང་བ་བདེན་དཔང་བྱས། ཁོས་བཤད་རྒྱུར། སློབ་གྲྭ་དེའི་བཙན་ཁྲིད་བྱས་པའི་སློབ་གྲྭ་ཆེན་མོ་བ་ལྔ་དེའི་སྔོན་སྔ་གཞུག་ཏུ་ཚེ་སྲོག་ཤོར་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།