ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མར་བཀག་སྡོམ་བྱེད་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གྲོས་ཆོད་ཐེངས་སྟོང་གཉིས་དང་ལྔ་བརྒྱ་དོན་བདུན་པ་བརྒྱུད་དེ། སུའུ་ཏན་ལྷོ་མིའི་ལག་ཆ་དབོར་འདྲེན་འགོག་པ་དང་བཀས་བཅད་བཀག་སྡོམ་བྱེད་ཕྱོགས་ལོ་གཅིག་གི་ཡུན་ལ་ཇེ་རིང་དུ་གཏོང་རྒྱུ་བྱས། བཀག་སྡོམ་བྱེད་ཡུན་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་པའི་ཚེས་སོ་གཅིག་བར་ཡིན།

ཐེངས་འདིའི་གྲོས་ཆོད་ལ་ཉིན་དེར་འོས་ཤོག་བཅུ་གསུམ་གྱིས་རྒྱབ་སྐྱོར་ཐོབ་པ་དང་འོས་ཤོག་གཉིས་ཀྱི་ཁེ་དབང་མེད་པའི་བཟོས་པའི་ཆ་རྐྱེན་འོག་གྲོས་འཆམ་བྱུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།