ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་དུས་ཚིགས་དང་པོར་པ་ཞི་རྒྱལ་ཁབ་ཀྱི་ལས་ཤོར་གྱི་ཚད་མཐོར་འདེགས་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པ་ཞི་ས་གཤིས་བསྡོམས་རྩིས་ཅུའུ་ཡིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་པ་ཞིའི་ལས་ཤོར་གྱི་ཚད་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་བདུན་ལ་མཐོར་འདེགས་བྱུང་ཞིང་ལས་ཤོར་མི་གྲངས་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་བརྒྱད་ལྷག་ལ་སླེབས་པ་དང་། སྒྲིག་གཞི་དེས་ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་ལས་ཤོར་གྱི་ཚད་དང་ལས་ཤོར་མི་གྲངས་བསྡོམས་རྩིས་བྱས་པའི་ཚུན་ལ་ཆེས་མཐོ་བའི་ཟིན་ཐོ་སྐྲུན།

གཞི་གྲངས་ལས་མངོན་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་སྒོས་འགོས་ཁྱབ་ཏུ་སོང་བ་དང་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་བྲེལ་མྱུར་ཁ་གསབ་རོགས་དངུལ་སྟེར་མཚམས་བཞག་པའི་ཤུགས་རྐྱེན་ཐེབས་འོག ད་ལོའི་དུས་ཚིགས་དང་པོར་པ་ཞིའི་ལས་ཤོར་མི་གྲངས་ན་ནིང་གི་དུས་ཚིགས་བཞི་བ་དང་བསྡུར་ན་འབུམ་བརྒྱད་དང་ཁྲི་བརྒྱད་འཕར་སྣོན་བྱུང་བ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་ས་ཡ་གཅིག་དང་འབུམ་དགུ་ཁྲི་ལྔ་ལྷག་འཕར་སྣོན་བྱུང་། ལས་ཞུགས་མི་གྲངས་བྱེ་བ་བརྒྱད་དང་ས་ཡ་ལྔ་འབུམ་དྲུག་ཁྲི་ལྔ་ལ་སླེབས་པ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་ས་ཡ་དྲུག་དང་འབུམ་ལྔ་དང་ཁྲི་བདུན་ལྷག་ཇེ་ཉུང་དུ་སོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།