ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི་ཡིས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་པར་རེ་སྒུག་བྱས་ཡོད་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་ལས་དོན་ཀྲུའུ་ཞི་ཧྥའོ་ལོ་ལིས་ཁི་སོགས་རྒྱལ་དམངས་གྲོས་ཁང་གི་གྲོས་མི་གང་མང་གིས་ཚེས་ཉེར་བདུན་ཉིན་བཤད་དོན། ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོས་རྒྱལ་ཁབ་བཅོས་སྐྱོང་དང་འཕེལ་རྒྱས། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་རེ་སྒུག་བྱས་ཡོད་ཟེར།

ཧྥའོ་ལོ་ལིས་ཁི་ཡིས་ཉིན་དེར་ཚོགས་པའི་སྲིད་ཏང་དང་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་ནུས་པ་ཞེས་པའི་བརྙན་རིས་གྲོས་མོལ་ཚོགས་འདུའི་སྟེང་བཤད་དོན། ཀྲུང་གོ་ཕྱོགས་ཀྱི་མགོ་ཁྲིད་པས་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ལ་ཡིད་འཇོག་བྱས་པར་མ་ཟད་ཧྥེ་གླིང་གི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ལ་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད། སྲིད་གཞུང་དང་སྲིད་ཏང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དབུལ་ཐར། རིམས་འགོག་སོགས་གནད་དོན་ཐད་ལ་ནུས་པ་འདོན་པར་ཉམས་མྱོང་བརྗེ་རེས་བྱས་ན་ཕན་པ་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི་དང་ཀྲུང་གོ་ཕྱོགས་ཀྱི་གྲོགས་པོས་རྣམ་པ་སྣ་ཚོགས་ཀྱི་བརྗེ་རེས་སྲུང་འཛིན་བྱས་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་གི་སྤྱི་ཁོག་འོག་ཏུ་མཉམ་ལས་བཟང་བོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྒྱལ་དམངས་གྲོས་ཁང་ལས་ཞུགས་དང་ངལ་རྩོལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏིན་ཅ་བཱ་ཡིས་བཤད་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་གང་མང་ལ་ཨ་ཧྥེ་རི་ཁ་ལྷོ་མས་སློབ་སྦྱོང་བྱེད་དགོས་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མས་གྲོང་གསེབ་འཕེལ་རྒྱས་ཕྱོགས་སུ་མཉམ་ལས་མང་པོ་བྱེད་པ་དང་སྔར་ལས་མང་པོའི་ཉམས་མྱོང་ལོངས་སུ་སྤྱོད་པར་རེ་སྒུག་བྱས་ཡོད་ཟེར།

རྒྱལ་དམངས་གྲོས་ཁང་ཉོ་ཚོང་དང་བཟོ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨུན་ཁི་ཞི་ཡིས་བཤད་དོན། དེང་སྐབས། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་རུ་མ་དངུལ་གཏོང་བའི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བ་དང་ཕྱོགས་གཉིས་ཀར་ཕན་པ་ཡོད་ལ། སྔར་ལས་མང་པོའི་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མ་དངུལ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

བརྙན་རིས་གྲོས་མོལ་ཚོགས་འདུ་དེ་ཁེ་ཕུའུ་ཏུང་དུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་དང་ཧྥའོ་ལོ་ལིས་ཁི་གཞུང་སྒྲུབ་ཁང་གིས་མཉམ་དུ་བསྒྲུབས་པ་ཡིན་ལ། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི་བཅུ་ལྷག་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།