ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཐའོ་ཡ་དང་ཀྲུང་གོའི་བདེ་ཐང་དར་གོས་ཚོང་ལམ་གྲོས་ཚོགས་ཕུའུ་ཐའོ་ཡའི་ཨ་ཝེ་ལོ་སློབ་ཆེན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡ་དང་ཀྲུང་གོའི་བདེ་ཐང་དར་གོས་ཚོང་ལམ་གྲོས་ཚོགས་ཚེས་ཉེར་བདུན་ཉིན་ཕུའུ་ཐའོ་ཡའི་ཨ་ཝེ་ལོ་སློབ་ཆེན་དུ་ཚོགས་པ་དང་། ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་ཕུའུ་ཐའོ་ཡ་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོས་སྤྱི་ཐུན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས་པའི་རེ་འབོད་བཏོན།

ཚོགས་འདུ་ནི་ཕུའུ་ཐའོ་ཡའི་དར་གོས་ཚོང་ལམ་མཐུན་སྦྱོར་ཡར་སྐུལ་ཚོགས་པ་དང་ཨ་ཝེ་ལོ་སློབ་ཆེན་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། དྲ་ངོས་དང་དྲ་ཐོག་མ་ཡིན་པ་ཟུང་འབྲེལ་བྱེད་པའི་རྣམ་པར་བརྟེན་ནས་བསྡུས།

ཕུའུ་ཐའོ་ཡ་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་པིན་ཐང་གིས་བརྙན་རིས་བརྒྱུད་དེ་ཤིས་ཚིག་ཕུལ་ནས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱིས་སྟོབས་དང་ལྡན་པའི་མཉེན་ཆ་གསོན་ཤུགས་མངོན་པར་བྱས་ནས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་བརྟན་འཇགས། དམངས་ཚིས་ལེགས་བཅོས་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཧུར་ཐག་སྒོས་བདེ་ཐང་དར་གོས་ཚོང་ལམ་འཛུགས་སྐྲུན་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་གསར་སྐྲུན་བྱེད་པའི་གྲོས་མགོ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཕུའུ་ཐའོ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རིམས་འགོག་དང་རིམས་ནད་རྗེས་ཀྱི་སླར་གསོ། སྤྱི་ཐུན་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་རྒྱ་བསྐྱེད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།

ཀྲུང་གོར་སྡོད་པའི་ཕུའུ་ཐའོ་ཡའི་གཞུང་ཚབ་ཆེན་མོ་ཏུའུ་ཨོ་ཅེ་ཡིས་བརྙན་རིས་བརྒྱུད་དེ་ཤིས་ཚིག་ཕུལ་ནས་བཤད་དོན། རྒྱལ་ཁབ་སོ་སོར་མཚོན་ན་འཕྲོད་བསྟེན་གནད་དོན་ནི་དེང་སྐབས་ཆབ་སྲིད་དང་ཕྱི་འབྲེལ་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་སོ་སོའི་མི་སྣས་མཉམ་དུ་འབད་བརྩོན་བྱས་ཏེ་ཕུའུ་ཐའོ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།