ནེ་ཀྲི་རི་ཡཱ་རུ་མཚོ་གྲུ་ནུབ་པའི་དོན་རྐྱེན་བྱུང་ནས་མི་བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱ་ནུབ་བྱང་ས་ཁུལ་གྱི་ཁེ་པེའུ་མངའ་སྡེ་རུ་མཚོ་གྲུ་ནུབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར།

ཁེ་པེའུ་མངའ་སྡེའི་ཉེན་རྟོག་པའི་མགྲིན་ཚབ་པ་ཨཱ་པུའུ་པཱ་ཁཱ་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མི་བརྒྱ་དང་དྲུག་ཅུ་སྡོད་པའི་གྲུ་གཟིངས་ཤིག་ཚེས་ཉེར་དྲུག་ཉིན་ནེ་ཀྲི་རི་གཙང་བོའི་ནང་ནུབ་པ་དང་ཉེན་རྟོག་པས་རོགས་སྐྱོར་མི་སྣ་མངགས་ཟིན་ལ། ད་ལྟ་ད་དུང་བྱེ་བྲག་གི་གནས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཟེར།

ནེ་ཀྲི་རི་ཡཱའི་སྨྱན་བྱད་ཀྱིས་ས་གནས་དཔོན་རིགས་ཤིག་གི་སྐད་ཆ་གསལ་བསྒྲགས་སུ་སྤེལ་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་འབྱུང་རྐྱེན་ནི་གྲུ་གཟིངས་ལ་སྡོད་པའི་མི་གྲངས་ཚད་ལས་བརྒལ་བའི་དབང་གིས་བྱུང་བ་དང་། མིག་སྔར་མི་ཉི་ཤུ་བསྐྱབ་པ་དང་མི་བརྒྱ་ལྷག་གར་སོང་ཆ་མེད་སུ་གྱུར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།