གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་ཀྱིས་ལོ་བཅུའི་འཐབ་ཇུས་འཕེལ་རྒྱས་འཆར་གཞི་ཐོག་མ་སྤེལ།

༢.jpg

པར་འདི་ནི་ཟླ5བའི་ཚེས20ཉིན། གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འཐུས་མིས་འཁྱག་གླིང་གི་རྒྱལ་ས་ལོས་ཁི་ཡཱ་ཝེ་ཁི་ནས་བླངས་པའི་མཉམ་པར་ཡིན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེས་ཉི་ཤུ་ཉིན་འཁྱག་གླིང་གི་རྒྱལ་ས་ལོས་ཁི་ཡཱ་ཝེ་ཁི་ནས་གྲོལ། གྲོས་ཚོགས་ནས་ལོས་ཁི་ཡཱ་ཝེ་ཁིའི་ཐུན་མོང་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བ་དང་། གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་རྒྱུས་སྟེང་གི་དུས་ཡུན་ལོ་ངོ་བཅུའི་འཐབ་ཇུས་འཕེལ་རྒྱས་འཆར་གཞི་ཐོག་མ་སྤེལ། 

ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་བཙུགས་ནས་ལོ་ངོ་ཉེར་ལྔ་འགོར་བར་རྗེས་དྲན་བྱེད་ཆེད་སྤེལ་བའི་འཆར་གཞི་དེ་ལས་གླིང་སྣེ་བྱང་མའི་རྒྱལ་ཁབ་དང་གླིང་སྣེ་བྱང་མའི་གཏན་གྱི་ཟབ་ཞུགས་མཁན་གྱིས་གླིང་སྣེ་བྱང་མའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ། བཅོས་སྐྱོང་གང་ལེགས་བྱེད་པའི་ཐུན་མོང་རིན་ཐང་དང་ཐུན་མོང་རེ་འདུན་མངོན་པར་མཚོན་ཡོད། འཆར་གཞི་དེར་གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་སྔོན་གྱི་ཁོར་སྲུང་དང་རྒྱུན་མཐུད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས། གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ནས་བཀོད་པའི་དམིགས་འབེན་སྣ་བདུན་ལ་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། འབྲེལ་ཡོད་ཀྱི་འགུལ་སྐྱོད་ཕྱོགས་སྟོན་བཏོན་ཡོད། 

ཁོངས་གཏོགས་རྒྱལ་ཁབ་ཀྱི་པུའུ་ཀྲང་གིས་མིང་བཀོད་ནས་གྲོས་འཆམ་བྱུང་བའི་ཐུན་མོང་བསྒྲགས་གཏམ་ཁྲོད་དུ། ཕྱོགས་སོ་སོས་གླིང་སྣེ་བྱང་མའི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཛུགས་སྐྲུན་རང་བཞིན་གྱི་མཉམ་ལས་བྱེད་དགོས་པ་བསྐྱར་སྒྲོག་བྱས། ཕཱ་རེ་སིའི་གྲོས་ཆོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་གལ་ཆེན་རང་ཞིན་ནན་བཤད་བྱས་པ་དང་། གླིང་སྣེ་བྱང་མའི་རྒྱལ་ཁབ་དང་གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་ཀྱི་ལྟ་ཞིབ་རྒྱལ་ཁབ་འདུས་པའི་ཕཱ་རེ་སིའི་གྲོས་ཆོད་བཀོད་པའི་ཕྱོགས་སོ་སོས་གྲོས་ཆོད་ཀྱི་དམིགས་འབེན་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་དང་བྱེད་ཐབས་གཞན་པར་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 

གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་ནི་གླིང་སྣེ་བྱང་མའི་བཅོས་སྐྱོང་ཁྲོད་ཆེས་གལ་ཆེ་བའི་ས་ཁོངས་རང་བཞིན་གྱི་རྐྱེན་སྲོལ་བཀོད་སྒྲིག་ཅིག་ཡིན་པ་དང་། བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་བརྒྱད་ཡོད་དེ། འཁྱག་གླིང་དང་སུའེ་ཙེར། ཏན་མག ནོར་ཝེ། ཧྥུན་ལན། ཨ་མེ་རི་ཁ། ཨུ་རུ་སི། ཁཱ་ནཱ་ཏཱ་བཅས་རེད། པུའུ་ཀྲང་རིམ་པའི་གྲོས་ཚོགས་ནི་ལས་འཛིན་ལྷན་ཚོགས་དེའི་ཇུས་འདོན་ལས་ཁུངས་ཡིན་པ་དང་། ལོ་གཉིས་ཀྱི་ནང་གྲོས་ཚོགས་ཐེངས་རེ་སྤེལ་བཞིན་ཡོད། ཉིས་སྟོང་བཅུ་གསུམ་ལོར་ཀྲུང་གོ་གླིང་སྣེ་བྱང་མའི་ལས་འཛིན་ལྷན་ཚོགས་ཀྱི་དངོས་གཞིའི་ལྟ་ཞིབ་པར་གྱུར་བ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།