དབྱི་ལིང་གི་ཙུང་ཐུང་གིས་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུ་དགུ་ཉིན་བསྟན་དོན། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་ཕྱོགས་ཁག་སོ་སོའི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ཉིན་དེར་ནང་སྲིད་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་ལིང་གིས་འདས་པའི་ཉིན་འགའི་ནང་གྲོས་མོལ་བྱེད་སྐབས་གྲུབ་འབྲས་གལ་ཆེན་བླངས་ཡོད། དབྱི་ལིང་གི་གྲོས་མོལ་ཁྲོད་ཀྱི་དམིགས་འབེན་ཞིག་ནི་དགྲ་བོར་རང་ཉིད་ཀྱི་ནོར་འཆུག་ཁས་ལེན་དུ་འཇུག་རྒྱུ་དེ་ཡིན། དབྱི་ལིང་གི་བཟོད་བསྲན་དང་འགོག་རྒོལ་དབང་གིས་དབྱི་ལིང་གིས་ཨ་མེ་རི་ཁར་རང་གི་ནོར་འཆུག་ཁས་ལེན་བྱེད་དུ་བཅུག་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ད་རུང་དབྱི་ལིང་རྒྱལ་ནང་གི་ཆབ་སྲིད་ཚོགས་ཁག་རེ་འགས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་སྤེལ་བཞིན་པའི་གྲོས་མོལ་ལ་ངོ་རྒོལ་བྱས་པར་སྐྱོན་འཛུགས་བྱས། ཁོས་བསྟན་དོན། རྒྱལ་ནང་གི་ངོ་རྒོལ་ཕྱོགས་ཁག་ཇི་ལྟར་འགོག་རྒོལ་བྱས་ཀྱང་། ཝེ་ཡེ་ནཱ་རུ་སྤེལ་བའི་གྲོས་མོལ་དེ་དབྱི་ལིང་མི་རིགས་ཀྱི་རྒྱལ་ཁ་ལས་མཇུག་སྒྲིལ་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།