ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་རྒྱལ་སས་ཐེངས་བཞི་བའི“གྲོང་ཁྱེར་བཀག་སྡོམ”རྒྱུན་བསྲིངས་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་རྒྱལ་ས་ཏི་ལི་གསར་བའི་པུའུ་ཀྲང་ཁའེ་ཅའེ་ལི་བཱ་འར་ཡིས་ཚེས16ཉིན་བསྒྲགས་དོན། ཏི་ལི་གསར་བས་ད་ལྟ“གྲོང་ཁྱེར་བཀག་སྡོམ”གྱི་བྱེད་ཐབས་དེ་རྒྱུན་བསྲིངས་ནས་གཟའ་འཁོར1ནས་ཚེས24བར་ཡིན་ཞིང་། འདི་ནི་ཏི་ལི་གསར་བས་ཐེངས་བཞི་བར“གྲོང་ཁྱེར་བཀག་སྡོམ”རྒྱུན་བསྲིངས་བྱེད་ཐབས་སྤྱད་པ་རེད།

ཁའེ་ཅའེ་ལི་བཱ་འར་ཡིས་ཉིན་དེར་བརྙན་རིས་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ད་ལྟ་རྒྱལ་ས་ས་ཁུལ་དུ་གསར་བྱུང་པྲོག་གསར་གློ་ཚད་ནད་པའི་གྲངས་ཀ་མར་ཆག་བཞིན་ཡོད། འདས་པའི་ཉིན་འགར་རིམས་ནད་འགོག་སྲུང་གི་གྲུབ་འབྲས་བརླག་པར་འགོག་སྲུང་བྱ་ཆེད། “གྲོང་ཁྱེར་བཀག་སྡོམ”གྱི་བྱེད་ཐབས་དེ་རྒྱུན་བསྲིངས་ནས་ཚེས24ཉིན་གྱི་ནམ་གུང་གི་དུས་ཚོད5བར་ཡིན་པར་ཐག་བཅད་པ་ཡིན། 

རྒྱ་གར་གྱི་རིམས་ནད་ཛ་དྲག་ཏུ་སོང་བ་དང་། ཏི་ལི་གསར་བ་དང་། མཱ་ཧྭ་ལ་ཧྲི་ཐི་ལ་མངའ་སྡེ་དང་། བྱང་ཕྱོགས་མངའ་སྡེ། ལཱ་ཅཱ་སི་ཐན་མངའ་སྡེ་སོགས་རྒྱལ་ཡོངས་ཀྱི་ས་གནས་མང་པོས་རིགས་འདྲ་བའི་རིམས་འགོག་བཀག་སྡོམ་བྱེད་ཐབས་སྤྱད་ཟིན། ཏི་ལི་གསར་བས་ཟླ4པའི་ཚེས19ཉིན་ནས་བཟུང་གྲོང་ཁྱེར་ཡོངས་བཀག་སྡོམ་བྱེད་མགོ་བརྩམས་ཤིང་། དེའི་རྗེས་སུ་སོ་སོར་ཟླ4པའི་ཚེས25ཉིན་དང་། ཟླ5པའི་ཚེས1དང་ཚེས9ཉིན་བཀག་སྡོམ་རྒྱུན་བསྲིངས་རྒྱུར་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།