ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། ཐུ་ནི་ཞི་ཡཱའི་བདེ་འཇགས་དམག་དཔུང་གིས་ཉིན་དེར་རྒྱལ་ཁབ་དེའི་ནུབ་ངོས་ཀྱི་ཁཱ་སེ་ལིན་ཞིང་ཆེན་དུ་འཇིགས་སྐུལ་ཉེས་ཅན5བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཚེས16ཉིན་ནས་བཟུང་ཁཱ་སེ་ལིན་ཞིང་ཆེན་གྱི་རི་ཁུལ་དུ་འཇིགས་སྐུལ་ངོ་རྒོལ་གྱི་གཙང་ཕྱགས་འགུལ་སྐྱོད་སྤེལ་མགོ་བརྩམས། ཚེས17ཉིན་གྱི་ཞོགས་པའི་འགུལ་སྐྱོད་ཅིག་ལས་འཇིགས་སྐུལ་ཉེས་ཅན5བསད་པ་དང་། ཞོར་དུ་མཚོན་ཆ་དང་འགད་རྫས་སྐོར་ཞིག་གཞུང་བཞེས་བྱས། འཇིགས་སྐུལ་ཉེས་ཅན5ཡི་ནང་ཐུ་ནི་ཞི་ཡཱའི་མི4དང་ཨར་ཅི་རི་ཡཱའི་མི1བཅས་འདུས། གཙང་ཕྱགས་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཐུ་ནི་ཞི་ཡཱའི་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་ལྔ་བསད།