ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས17ཉིན་བཀའ་རྒྱ་བཀོད་དེ། ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གིས་ཐཱ་ཅི་ཁི་སི་ཐན་བར་མཉམ་འབྲེལ་ས་ཁོངས་ཀྱི་མཁའ་སྲུང་མ་ལག་འཛུགས་པའི་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན།
ཨུ་རུ་སིའི་སྲིད་གཞུང་བཅའ་ཁྲིམས་བརྡ་འཕྲིན་དྲ་ཚིགས་ཀྱིས་ཚེས17ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་བཀའ་རྒྱ་བཏང་སྟེ། ཨུ་རུ་སིའི་རྒྱལ་སྲུང་པུའུ་དང་ཕྱི་འབྲེལ་པུའུ་ཡིས་ཐཱ་ཅི་ཁི་སི་ཐན་ཕྱོགས་དང་གྲོས་མོལ་བྱས་ནས་མཉམ་འབྲེལ་ས་ཁོངས་ཀྱི་མཁའ་སྲུང་མ་ལག་འཛུགས་པའི་གྲོས་མཐུན་འགོད་པར་བཀའ་བསྒོ་བྱས།
ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཐཱ་ཅི་ཁི་སི་ཐན་གྱི་མཉམ་འབྲེལ་ས་ཁོངས་ཀྱི་མཁའ་སྲུང་མ་ལག་འཛུགས་པའི་གྲོས་གཞི་དེ་ནི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཏོན་པ་དང་། ཨུ་རུ་སིའི་རྒྱལ་སྲུང་པུའུ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་སྔོན་གྱི་བྱ་བར་གྲོས་མཐུན་བཀོད་ཡོད། གྲོས་མཐུན་དེར་ཨུ་རུ་སིའི་སྲིད་གཞུང་གིས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་རྗེས་ཕུའུ་ཅིན་ལ་སྤྲོད་དགོས་ཟེར།
བསྒྲགས་པ་ལྟར་ན། གྲོས་མཐུན་དེ་ལག་བསྟར་ཡུན་ཚད་མེད་པའི་གྲོས་མཐུན་ཞིག་ཡིན་པ་དང་། ཕྱོགས་གཉིས་གང་རུང་གིས་ཡིག་ཐོག་གི་སྙན་ཞུའི་རྣམ་པ་བརྒྱུད་དེ་གྲོས་མཐུན་མཚམས་འཇོག་པའི་བརྡ་བཏང་ཆོག གྲོས་མཐུན་ལྟར་ན། ཨུ་རུ་སི་དང་ཐཱ་ཅི་ཁི་སི་ཐན་གྱི་མཉམ་འབྲེལ་ས་ཁོངས་ཀྱི་མཁའ་སྲུང་མ་ལག་གི་དམག་དཔུང་རོགས་ལས་དང་མགོ་ཁྲིད་བྱ་བར་གཙོ་བོ་ཨུ་རུ་སིའི་མཁའ་དམག་དང་ཀྲུང་དབྱང་དམག་ཁུལ་གྱིས་འགན་ཁུར་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཨུ་རུ་སི་དང་ཐཱ་ཅི་ཁི་སི་ཐན་གྱིས་མཉམ་འབྲེལ་ས་ཁོངས་ཀྱི་མཁའ་སྲུང་མ་ལག་འཛུགས་རྒྱུ་རེད།