འདི་ནི་ཟླ5པའི་ཚེས13ཉིན་དབྱི་སི་རལ་གྱི་དབུས་རྒྱུད་གྲོང་ཁྱེར་ཡེ་ཧུའུ་ཏེ་ནས་སྐྱེས་པ་ཞིག་གིས་མེ་ཤུགས་འཕུར་མདས་གཏོར་སྐྱོན་ཕོག་པའི་ཁང་པར་པར་རྒྱག་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས10ནས་ཚེས13ཉིན་བར་དབྱི་སི་རལ་དང་ཅ་ཧྲ་ས་ཁུལ་གྱི་དྲག་ཆས་དམག་དཔུང་བར་གདོང་ཐུག་ཚབས་ཆེན་བྱུང་ཞིང་། ཅ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣས་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདའི་འབར་མདེལ1600ལྷག་འཕངས་ཏེ་དམག་དཔུང་གིས་འཁོན་ལན་སློག་པའི་བྱ་སྤྱོད་སྤེལ་བ་དང་ཅ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱི་དམག་དོན་དམིགས་འབེན600ལྷག་ལ་མཁའ་རྒོལ་བྱས་པ་མ་ཟད། ཧ་མ་སིའི་མཐོ་རིམ་བཀོད་འདོམས་དཔོན་མང་པོ་བསད་པ་རེད། མིག་སྔར་ཕྱོགས་གཉིས་པོའི་གདོང་ཐུག་ལས་དབྱི་སི་རལ་ཕྱོགས་ཀྱི་མི7རྐྱེན་ལམ་དུ་ཤོར་ཞིང་མི100ལྷག་ལ་རྨས་སྐྱོན་བཟོས་པ་དང་། ཅ་ཧྲ་ས་ཁུལ་གྱི་མི67རྐྱེན་ལམ་དུ་ཤོར་ཞིང་མི400ལྷག་ལ་རྨས་སྐྱོན་ཕོག་པ་རེད། །
འདི་ནི་ཟླ5པའི་ཚེས13ཉིན་དབྱི་སི་རལ་གྱི་དབུས་རྒྱུད་གྲོང་ཁྱེར་ཡེ་ཧུའུ་ཏེ་རུ་མེ་ཤུགས་འཕུར་མདས་གཏོར་སྐྱོན་ཕོག་པའི་རྣམ་པ་རེད།
འདི་ནི་ཟླ5པའི་ཚེས13ཉིན་དབྱི་སི་རལ་གྱི་དབུས་རྒྱུད་གྲོང་ཁྱེར་ཡེ་ཧུའུ་ཏེ་རུ་མེ་ཤུགས་འཕུར་མདས་གཏོར་སྐྱོན་ཕོག་པའི་རྣམ་པ་རེད།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
དབྱི་སི་རལ་དང་ཅ་ཧྲ་ས་ཁུལ་བར་གདོང་ཐུག་བྱུང་བ།