ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཙུང་ཐུང་གིས་ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་བྱས་པ་ནི་དབྱི་ལང་གི་དབུལ་བོར་གཉའ་གནོན་དང་དབྱི་ལང་གི་ནད་པའི་ཁེ་དབང་ལ་བཙན་གནོན་བྱས་པ་རེད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཚེས་བཅུ་གཉིས་ཉིན་རྒྱལ་སྲིད་ལས་ཁུངས་ཀྱི་གྲོས་ཚོགས་སྟེང་བཤད་རྒྱུར།   ཨ་མེ་རི་ཁས་དབྱི་ལང་ཕྱོགས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དེས་དངོས་གོང་ཇེ་མཐོར་འགྲོ་བ་དང་སྨན་རྫས་མི་འདང་བའི་གནད་དོན་བཟོས་པ་དང་།  དེ་ནི་དབྱི་ལང་གི་དབུལ་བོར་གཉའ་གནོན་དང་དབྱི་ལང་གི་ནད་པའི་ཁེ་དབང་ལ་བཙན་གནོན་བྱས་པ་རེད་ཟེར།

དབྱི་ལང་གསར་འགྱུར་ཁང་གིས་ལུའུ་ཧ་ཉི་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར།   ཨ་མེ་རི་ཁས་དབྱི་ལང་ལ་དམིགས་པའི་དཔལ་འབྱོར་འཐབ་རྩོད་ལ་ཁ་གཏད་དེ་དབྱི་ལང་མི་དམངས་ཀྱིས་བློ་རྩ་བརྟན་པོས་བཀག་སྡོམ་ལ་ཁ་གཏད་འཇལ་བཞིན་ཡོད།   དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་ཚོགས་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བ་དང་བསྟུན་ནས།  བཀག་སྡོམ་བྱེད་ཐབས་རིམ་བཞིན་ཇེ་ལྷོད་དུ་འགྲོ་བཞིན་ཡོད།

ཁོས་བསྟན་དོན།   དབྱི་ལང་སྲིད་གཞུང་གིས་འཛུགས་སྐྲུན་རང་བཞིན་ལྡན་པའི་མཉམ་སྒུལ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་།  དབྱི་ལང་གི་བཀག་སྡོམ་ཡོད་ཚད་མེད་པར་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།