ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དུ་ཉིན་གཅིག་ལ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བདུན་སྟོང་ལས་བརྒལ་ཐེངས་གཉིས་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱིས་ཚེས12ཉིན་ནས་བཟུང་རྒྱལ་ས་ཏུང་ཅིན་སོགས་ས་ཁུལ་བཞིའི་བྲེལ་མྱུར་རྣམ་པ་མུ་མཐུད་དུ་སྲུང་འཛིན་དང་བྲེལ་མྱུར་རྣམ་པའི་ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་ཡིན་ལ། རིམས་ནད་གནས་ཚུལ་ལ་མངོན་གསལ་གྱི་གྲུབ་འབྲས་ལོན་མེད།

འཇར་པན་རྒྱང་སྒྲོག་མཐུན་ཚོགས་བརྙན་འཕྲིན་ཁང་གིས་སྡོམ་རྩིས་བྱས་པ་ལྟར་ན། ས་དེའི་ཚེས12ཉིན་གྱི་དུས་ཚོད8:30ཡི་སྟེང་། འཇར་པན་དུ་ཉིན་དེར་གསར་དུ་འཕར་སྣོན་བྱུང་བའི་ནད་པ7055ཡོད་པ་དང་། དེ་ནི་ཉེ་བའི་གཟའ་འཁོར་གཅིག་རིང་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ནད་པ7000ལས་བརྒལ་ཐེངས་གཉིས་པ་རེད།

བརྙན་འཕྲིན་ཁང་གི་སྡོམ་རྩིས་ལས་མངོན་པ་ལྟར་ན། ཚེས12ཉིན། འཇར་པན་དུ་རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་དྲུག་ཁྲི་ལྔ་སྟོང་དགུ་དགུ་བརྒྱ་གྱ་དྲུག་ལ་སླེབས་པ་དང་། གསར་དུ་འཕར་སྣོན་བྱུང་བའི་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་བཞི་ཡོད་ལ། རིམ་རྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་སྟོང་གཅིག་བརྒྱ་དང་གོ་དགུར་སླེབས།

འཇར་པན་ཧོའུ་ཧྲིན་ངལ་རྩོལ་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ཚེས12ཉིན་བར། འཇར་པན་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ས་ཡ་ལྔ་བརྒྱབ་ཟིན་པ་དང་། མི་གྲངས་ས་ཡ་གཅིག་དང་འབུམ་གསུམ་ལྷག་ལ་འགོག་སྨན་རྒྱག་ཐེངས་གཉིས་པ་ལག་བསྟར་བྱས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།