ཀྲུང་གོ་བོད་ཀྱི་དྲ་བ།

མོ་རི་ཐིའུ་སི་ཡི་གླིང་ཕྲན་ཞིག་གི་མཚོ་ཁོངས་སུ་ས་ཡོམ་རིམ་པ6.7བརྒྱབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་དབྱི་གྲུ་ཁ་ནས་གནས་ཚུལ་སྤེལ་དོན། མོ་རི་ཐིའུ་སི་ཕྱིའི་གླིང་གི་ལུའོ་ཏེ་ལི་ཀེ་སི་གླིང་ཕྲན་གྱི་ལྟེ་བའི་གྲོང་ཁྱེར་མཱ་ཏི་ལན་གྲུ་ཁའི་བྱང་ཤར་རྒྱུད་ཀྱི་མཚོ་ཁོངས་སུ་ཚེས12ཉིན་གྱི་དགོང་མོར་ས་ཡོམ་རིམ་པ6.7བརྒྱབ་ཡོད་ལ་མིག་སྔར་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་ཡི་ཡང་འབྱོར་མེད།

ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས12ཉིན་གྱི་ཆུ་ཚོད18དང་སྐར་མ05(པེ་ཅིང་དུས་ཚོད་ཚེས12ཉིན་གྱི་ཆུ་ཚོད22དང་སྐར་མ05)སྟེང་ས་ཡོམ་བྱུང་ལ། ཡོམ་ལྟེ་ནི་མ་ཏི་ལན་གྲུ་ཁའི་བྱང་ཤར་གྱི་སྤྱི་ལེ413ཡི་སར་གནས་པའི་མཚོ་ཁོངས་ཡིན་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་ནི་སྤྱི་ལེ10ཡིན།

ལུའོ་ཏེ་ལི་ཀེ་སི་གླིང་ཕྲན་དེ་མོ་རི་ཐིའུ་སིའི་གླིང་ཕྲན་གྱི་ཤར་ཕྱོགས་ཀྱི་སྤྱི་ལེ560མཚམས་སུ་ཡོད་པ་དང་དེ་ནི་མོ་རི་ཐིའུ་སིའི་ཡུལ་སྐོར་བྱ་ཡུལ་གཙོ་བོའི་གྲས་ཤིག་ཡིན་ཞིང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ109ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།