འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་དྲུག་ཁྲི་ལྔ་སྟོང་གཅིག་དྲུག་བརྒྱ་དང་སོ་བརྒྱད་ལ་སླེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས11ཉིན་ཁྱབ་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་དྲུག་ཁྲི་ལྔ་སྟོང་གཅིག་དྲུག་བརྒྱ་དང་སོ་བརྒྱད་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བདུན་དང་སྐར་མ་ལྔའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་དྲུག་སྟོང་དྲུག་དང་དོན་བདུན་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་ དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་དྲུག་ཁྲི་ལྔ་སྟོང་གཅིག་དྲུག་བརྒྱ་དང་སོ་བརྒྱད་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་བདུན་བརྒྱ་རེ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་གསུམ་དང་འབུམ་གཉིས་ཁྲི་དགུ་སྟོང་དགུ་བདུན་བརྒྱ་དང་རེ་བཞིར་སླེབས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།