ཀྲུང་གོ་བོད་ཀྱི་དྲ་བ།

རོ་མ་ནི་ཡ་དང་ཕོ་ལན་གཉིས་ཀྱིས་མཉམ་འབྲེལ་དམག་དོན་འཁྲབ་སྦྱོང་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མ་ནི་ཡའི་སྨྱན་བྱད་ཀྱིས་ཚེས11ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕོ་ལན་དམག་དཔུང་གདན་འདྲེན་ཞུས་པ་ལྟར་རོ་མི་ནི་ཡའི་དྲང་བདེན་གྱི་རལ་གྲི་ཉེར་གཅིག་པའི་དམག་དོན་འཁྲབ་སྦྱོང་ལ་ཞུགས་པ་དང་། རྒྱལ་ཁབ་གཉིས་ཀྱིས་བསྡོམས་པས་དམག་མི2000ལྷག་དང་གོ་མཚོན500ཟླ་འདིའི་ཚེས4ཉིན་ནས་ཚེས19ཉིན་བར་དམག་དོན་འཁྲབ་སྦྱོང་ལ་ཞུགས་རྒྱུ་རེད།

རོ་མ་ནི་ཡའི་ཙུང་ཐུང་ཡུའེ་ཧྭན་ཉི་སི་ཡིས་ཚེས11ཉིན་འཚམས་འདྲིར་ཡོང་བའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་མཉམ་དུ་རོ་མ་ནི་ཡའི་ཤར་རྒྱུད་ཀྱི་ཅཱ་ལ་ཚི་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་དམག་དོན་འཁྲབ་སྦྱོང་ལ་ཞུགས། ཡུའེ་ཧྭན་ཉི་སི་ཡིས་བཤད་རྒྱུར། དམག་དོན་འཁྲབ་སྦྱོང་རིགས་དེ་འདྲས་དམག་དཔུང་གཉིས་བར་ཕན་ཚུན་མཉམ་ལས་དང་ཕན་ཚུན་རྒྱུས་ལོན་དང་སློབ་སྦྱོང་བྱེད་པར་ཕན་འདོགས་ཐུབ་ལ། མཉམ་དུ་ལས་འགན་བསྒྲུབ་པར་སྟབས་བདེ་བསྐྲུན་ཐུབ་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དྲང་བདེན་གྱི་རལ་གྲི་ཉེར་གཅིག་པའི་དམག་དོན་འཁྲབ་སྦྱོང་ནི་བྱང་ཆིངས་ཀྱི་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་མང་པོའི་དམག་དོན་འཁྲབ་སྦྱོང་སྟེ2021ལོའི་ཡོ་རོབ་གླིང་གི་སྲུང་སྐྱོབ་པའི་གྲུབ་ཆ་གཅིག་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།