ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་རྒྱ་གར་ཕྱོགས་ལ་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   རྒྱ་གར་གྱིས་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པར་རོགས་འདེགས་བྱེད་ཆེད།  ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་བརྒྱུད་དེ་རྒྱ་གར་གྱི་རྒྱ་གྲམ་དམར་པོ་ཚོགས་པར་མེ་སྒོར་ས་ཡ་གཅིག་རོགས་སྐྱོར་འདོན་སྤྲོད་བྱས།

ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཕྱི་ཕྱོགས་རོགས་སྐྱོར་བྱ་བའི་བཀོད་སྒྲིག་ལྟར།   ཐེངས་འདིའི་མེ་སྒོར་ས་ཡ་གཅིག་གི་རོགས་སྐྱོར་ནི་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པས་ཞལ་འདེབས་སུ་ཕུལ་བ་རེད།    ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པའི་འབྲེལ་ཡོད་འགན་ཁུར་བས་འཚམས་སྦྱོར་བྱས་པ་ལྟར་ན།   མེ་སྒོར་ས་ཡ་གཅིག་གི་རོགས་སྐྱོར་ལས་གཞན།   སྐོར་དང་པོའི་རྒྱ་གར་ལ་རོགས་སྐྱོར་བྱེད་པའི་དངོས་རྫས་ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་སྔ་དྲོར་ཁྲིན་ཏུའུ་ནས་རྒྱ་གར་གྱི་པན་ཅཱ་ལོ་ཨར་དུ་སྐྱེལ་འདྲེན་བྱས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་རོགས་སྐྱོར་དངོས་རྫས་དེ་དག་ཉིན་དེར་རྒྱ་གར་གྱི་པན་ཅཱ་ལོ་ཨར་དུ་འབྱོར་ཐུབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།