ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་རུ་བསྟུད་མར་བྱུང་བའི་འགས་གཏོར་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་ལྔ་བཅུ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཐཱ་ལེ་ཁི་ཨ་ལེ་ཨན་གྱིས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས་བརྒྱད་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པོར་གྱི་སློབ་གྲྭ་ཞིག་གི་ཉེ་འདབས་ནས་བྱུང་བའི་འགས་གཏོར་དོན་རྐྱེན་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མི་ལྔ་བཅུ་ལས་བརྒལ་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ཉི་ཡིས་ཚེས་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། ཐ་ལེ་པན་གྱིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་སྐྱོན་བརྗོད་བྱས། ཉིན་དེར་ཐ་ལེ་པན་གྱི་མགྲིན་ཚབ་པ་ཀྲ་པེ་ཝུའུ་ལཱ་མུའུ་ཅཱ་ཞི་ཏི་ཡིས་དོན་རྐྱེན་དེ་ཐ་ལེ་པན་གྱིས་བཟོས་པ་མིན་ཞེས་བཤད་པར་མ་ཟད། འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་།

མིག་སྔར་རྩ་འཛུགས་དང་མི་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།

ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་བཟུང་ཨ་ཧྥུའུ་ཧན་ནས་དངོས་སུ་ཕྱིར་འཐེན་བྱེད་འགོ་བརྩམས་པ་དང་། འཆར་གཞི་ལྟར་ན་ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཕྱིར་འཐེན་བྱས་ཚར་རྒྱུ་རེད། ཉེ་སྔོན་ཨ་ཧྥུའུ་ཧན་རྒྱལ་ནང་དུ་འཇབ་རྒོལ་དོན་རྐྱེན་རྒྱུན་མ་ཆད་པར་བྱུང་ནས་བདེ་འཇགས་གནས་བབ་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།