ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ལྷོ་མའི་ཙུང་ཐུང་གིས་རྒྱལ་དམངས་གྲོས་ཁང་གཏོར་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ལྷོ་མའི་སྨྱན་བྱད་ཀྱིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན།   སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་གྱིས་ཚེས་བརྒྱད་ཉིན་རྒྱལ་དམངས་གྲོས་ཁང་དང་མངའ་སྡེ་ཨུ་ཡོན་ལྷན་ཁང་གཏོར་ནས་རྒྱལ་ཁབ་དེའི་གྲོས་ཁང་ལ་བགྲོད་ལམ་གསར་པ་བཏོད་རྒྱུ་ཁྱབ་བསྒྲགས་བྱས།

གསལ་བསྒྲགས་ལས་བཤད་རྒྱུར།  ཅི་ཨར་གྱིས་ཙུང་ཐུང་བཀའ་རྒྱའི་ཁྲོད་རྒྱལ་དམངས་གྲོས་ཁང་དང་མངའ་སྡེ་ཨུ་ཡོན་ལྷན་ཁང་གཏོར་རྒྱུ་ཁྱབ་བསྒྲགས་བྱས་ནའང་།  སྐབས་གསར་པའི་གྲོས་ཁང་ནམ་ཞིག་ལ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་མེད་ཟེར།

གསལ་བསྒྲགས་ལྟར་ན།   པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་པས།  སུའུ་ཏན་ལྷོ་མས་གྲོས་ཁང་གསར་པ་འཛུགས་པའི་བྱ་བ་ལོ་གཅིག་གིས་ཇེ་རིང་དུ་བཏང་ཡོད།  ཐེངས་འདིའི་གྲོས་ཁང་རྙིང་བ་གཏོར་ཏེ་གྲོས་ཁང་གསར་པ་བསྐྱར་འཛུགས་བྱེད་རྒྱུ་དེ་བར་བརྒལ་མཉམ་འབྲེལ་སྲིད་གཞུང་གཏན་འཇགས་ངང་འཁོར་རྒྱུག་བྱེད་པར་ཕན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།